致全市人民群众的倡议书

时间:2020-01-26 18:51 来源:玉树市委 作者:办公室 浏览:次    

致全市人民群众的倡议书

全市各族群众:

  近期湖北武汉发生新型冠状病毒感染的肺炎疫情,并向全国多地蔓延。疫情发生后,党中央、国务院和省委、省政府作出了工作部署,我市已采取多项措施有序开展了疫情防控工作。

  春节期间人员密集流动,做好疫情防控工作十分必要。在这个特殊时期,希望广大群众提高防控意识,正视理性面对,既不心存侥幸、麻痹大意,也不夸大事实,制造恐怖气氛,更不传播虚假信息。在以往应对突发公共卫生事件中,理性平和的心态和科学防控措施是我们战胜一切的重要法宝。

  健康是关乎社会、家庭、个人的大事。您是自身健康第一责任人。配合做好疾病防控工作,也是《中华人民共和国传染病防治法》规定每一个公民应尽的责任和义务。为了您和家人的健康,为了我们共同美丽的三江家园,我们倡议全市广大人民群众:

  一近期从省外尤其从湖北武汉来玉树或途径武汉的所有人员,尤其是春节回家过年在湖北读书的学生,请主动到当地村(社区)登记,接受体温检测。若出现发热、咳嗽等症状时请第一时间带好口罩到就到玉树八一医院发热门诊规范就诊。未出现发热的症状,主动居家14天,14天内不要走亲访友,不要与外人接触。并请做好其他家庭成员的防护,家人也不要参与社会活动,不要走亲访友。

  二 建议广大群众在家过年,通过电话、短信、微信等方式进行新春问候,表达祝福,减少走亲访友和聚餐聚会。

  三 勤洗手、多通风,尽量避免到公共场所以及人员密集场所,出门时请佩戴口罩,咳嗽和打喷嚏时使用纸巾或屈肘遮掩口鼻。

  四 做饭是彻底煮熟食物。

  五 避免在未加防护情况下接触活禽等野生或养殖动物。

  六 疫情可防可控,请大家不必恐慌,及时关注官方媒体发布的权威信息。不信谣、不造谣、不传谣。我们坚信在党中央的坚强领导下,在全市各族群众的共同努力下,我们万众一心,众志成城,群防群控,一定能打赢这场疫情防控战!

  值此新春佳节之际,衷心祝愿全市人民新春快乐,身体健康,合家欢乐、扎西德勒。

  玉树市发热门诊定点医疗机构为玉树市八一医院(玉树市结古大道)

玉树市新型冠状病毒感染的肺炎疫情防控领导小组办公室

2020年1月25日

གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམ་པ། 

ཉེ་དུས་ཧུའུ་པེའི་ཝུའུ་ཧན་དུ་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་འགོས་པ་མ་ཟད། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁྱབ་ཡོད། རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ལས་དོན་བཀོད་སྒྲིག་བྱས་པ་དང་རང་རེ་གྲོང་ཁྱེར་གྱིས་བྱ་ཐབས་མང་པོ་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

དཔྱིད་གསར་དུས་ཆེན་རིང་མི་མང་འདུ་འཛོམས་ཆེ་བས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད། དམིགས་བསལ་གྱི་དུས་སྐབས་འདིར་རྒྱ་ཆེའི་མང་ཚོགས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། རིག་པས་བསམ་བློ་གཏོང་ཚུལ་འཛིན་པ། སྟབས་བསྟུན་དང་བག་མེད་ལྷོད་གཡེང་མི་བྱེད་པ་དང་། དོན་དངོས་ལ་སྒྲོ་འདོགས་མི་བྱེད་པ། འཇིགས་སྐུལ་གྱི་ངང་ཚུལ་མི་བཟོ་བ། ཆ་འཕྲིན་རྫུན་མ་དེ་བས་ཀྱང་ཁྱབ་སྤེལ་མི་བྱེད་པ་བཅས་ཀྱི་རེ་བ་ཡོད།དེ་སྔོན་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཁྲོད། ཚུལ་མཐུན་ཞི་ལྷོད་ཀྱི་སེམས་ཁམས་དང་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནི་ང་ཚོ་ཀུན་ལས་རྣམ་པར་རྒྱལ་བའི་ཐབས་མཆོག་གལ་ཆེན་ཞིག་ཡིན། 

བདེ་ཐང་ནི་སྤྱི་ཚོགས་དང་། ཁྱིམ་ཚང་། མི་སྒེར་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པ་དང་། ཁྱེད་རང་ནི་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་མཁན་དང་པོ་ཡིན་པས། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཞེས་པར་གཏན་འབེབས་བྱས་པའི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་ཀྱང་རེད། ཁྱེད་དང་ནང་མིའི་བདེ་ཐང་དང་ང་ཚོའི་མཛེས་སྡུག་ལྡན་པའི་ཆུ་གསུམ་ཁྱིམ་གཞིས་ཀྱི་ཆེད་དུ་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གྲོས་མགོ་འདོན་རྒྱུ་སྟེ། 

དང་པོ། ཉེ་དུས་ཞིང་ཆེན་ཕྱིར་དང་ལྷག་པར་དུ་ཧུའུ་པེ་ཝུའུ་ཧན་ནས་ཡུལ་ཧྲུའུ་ལ་ཡོང་བའམ་ཡང་ན་ཝུའུ་ཧན་བརྒྱུད་མཁན་ཚང་མ་དང་། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོག་པའི་ཧུའུ་པེ་རུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཚོས་རང་འགུལ་ངང་ས་གནས་དེ་གའི་གྲོང་ཚོའམ་སྡེ་ཁུལ་ལ་ཐོ་འགོད་བྱས་ཏེ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་བྱེད་པར་དང་ལེན་བྱེད་དགོས། གལ་ཏེ་ཚ་རྒྱག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་དུ་ཁེབས་བརྒྱབ་སྟེ་ཡུལ་ཧྲུའུ་བརྒྱད་གཅིག་སྨན་ཁང་དུ་ཚ་རྒྱག་སྒོ་བསྟེན་སྨན་ཁང་དུ་སོང་ནས་ཚད་ལྡན་ངང་སྨན་བཅོས་བྱེད་དགོས། ཚ་བ་རྒྱག་པའི་ནད་རྟགས་མ་བྱུང་བར་རང་འགུལ་གྱིས་ཁྱིམ་དུ་ཉིན་༡༤སྡོད་དགོས་པ་དང་། ཉིན་༡༤ཡི་ནང་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་དུ་འགྲོ་མི་ཉན་ལ། ཕྱི་མི་དང་འབྲེལ་འདྲིས་བྱེད་མི་ཉན། ཁྱིམ་ཚང་གི་ཁོངས་མི་དག་གིས་འགོག་སྲུང་ཡག་པོ་བྱེད་དགོས་པ་ལས་ནང་མིས་ཀྱང་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཉན་པ་དང་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་མི་ཉན། 

གཉིས་པ། རྒྱ་ཆེའི་མང་ཚོགས་ཀྱིས་ཁྱིམ་དུ་ལོ་སར་གཏོང་སྐབས་ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན་སོགས་ཀྱི་རྣམ་པའི་ཐོག་ནས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་བ་ལས། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་དང་འདུ་འཛོམས་ཉུང་དུ་གཏོང་རྒྱུའི་གྲོས་མགོ་བཏོན་རྒྱུ་ཡིན། 

གསུམ་པ། ལག་པ་བཀྲུ་བ་དང་རླུང་རྒྱུག་ཏུ་འཇུག་པ། གང་ཐུབ་ཀྱིས་མི་ཚོགས་འདུ་ས་དང་མི་ཚོགས་འདུས་སར་མི་འགྲོ་བ་དང་། སྒོ་ལ་འབུད་དུས་ཁ་ཁེབས་རྒྱག་དགོས། གློ་ལུ་དང་ཧབ་སྦྲིད་རྒྱག་སྐབས་ལག་ཕྱིས་དང་ལག་པས་སྣ་འགེབས་དགོས། 

བཞི་པ་། ཟ་མ་ལས་སྐབས་ངེས་པར་དུ་ཡག་པོ་ཚོས་སུ་འཇུག་དགོས། 

ལྔ་པ།འགོག་སྲུང་མ་བྱས་པའི་གནས་ཚུལ་འོག་ཁྱིམ་བྱ་དང་བཅས་པའི་སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས་ལ་ལག་པས་ཐུག་མི་རུང་།

དྲུག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་པས་ཚང་མས་སྐྲག་སྣང་ཆེན་པོ་མི་དགོས་ཅིང་། དུས་ཐོག་ཏུ་གཞུང་ཕྱོགས་ཆ་འཕྲིན་མཁན་གྱིས་ཁྱབ་བསྒྲགས་བྱས་པའི་དབང་ཤུགས་ཆ་འཕྲིན་ལ་དོ་ཁུར་བྱེད་དགོས། གཏམ་འཆལ་ལ་ཡིད་ཆེས་མི་བྱེད་པ་དང་། གཏམ་འཆལ་མི་བཟོ་བ། གཏམ་འཆལ་མི་བཤད་པ་བཅས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་ང་ཚོས་མི་མང་སེམས་གཅིག་དང་། 

བློ་སྟོབས་གཅིག་འདུས། མཉམ་འགོག་མཉམ་བཅོས་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། 

དཔྱིད་གསར་དུས་ཆེན་གྱི་སྐབས་འདིར་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། གཟུགས་གཞི་བདེ་ཐང་། ཁྱིམ་ཚང་མཉམ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཀྱི་སྨོན་འདུན་སྙིང་ཐག་པ་ནས་ཞུ།

ཡུལ་ཧྲུའུ་གྲོང་ཁྱེར་ཚ་རྒྱག་སྒོ་བསྟེན་སྨན་ཁང་གི་གཏན་གནས་སྨན་བཅོས་སྒྲིག་གཞི་ནི་ཡུལ་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་ཡིན། 

ཡུལ་ཧྲུའུ་གྲོང་ཁྱེར་གྱི་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་༢༠༢༠ལོའི་ཟླ་༡ཚེས་༢༥ཉིན། 

责任编辑:金石