关于玉树市主城区新增高风险区
的通告(第105号)
根据国务院联防联控机制综合组《关于进一步优化新冠肺炎疫情防控二十条措施》、《新型冠状病毒肺炎防控方案(第九版)》及《玉树州贯彻落实国务院联防联控机制“优化防控工作二十条措施”的具体要求》的相关规定,经过综合分析研判,决定自2022年11月24日17时起玉树市主城区新增高风险区5处,现将相关事宜通告如下:
一、高风险区(5处):
新寨街道办事处琼龙社区琼龙科巷第一网格;新寨街道办事处新寨社区玛尼当果第二网格;西杭街道办事处扎西大同农贸市场水吉叔生鲜超市;西杭街道办事处胜利路社区第四网格;西杭街道办事处胜利路社区双拥一小区1号楼。
防控措施:实行封控措施,期间“足不出户、上门服务”。定期对居民进行核酸检测。
玉树市新冠肺炎疫情防控处置工作指挥部
2022年11月24日
ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ས་ཁོངས་ཁ་ཤས་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་འབྱེད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
(2022ལོའི་ཨང་105པ།)
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་《ཏོག་གསར་ནད་དུག་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་དུ་ལེགས་སུ་གཏོང་རྒྱུའི་བྱ་ཐབས་དོན་ཚན་ཉི་ཤུ།》དང་《ཏོག་གསར་ནད་དུག་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི།(པར་གཞི་དགུ་བ)》《ཡུས་ཧྲུའུ་ཁུལ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཡི་“སྔོན་འགོག་ཚོད་འཛིན་ལས་དོན་ལེགས་སུ་གཏོང་རྒྱུའི་བྱ་ཐབས་དོན་ཚན་ཉི་ཤུ་”ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བླང་བྱ།》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་ཟླ་11པའི་ཚེས་24ཉིན་གྱི་ཆུ་ཚོད་16ནས་བཟུང་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ས་ཁོངས་ཁ་ཤས་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག ཉེན་ཁ་ཆེ་བའི་ས་ཁུལ།(ཁག་ལྔ): སེང་ཟེ་སྲང་ལམ་དོན་གཅོད་ཁང་ཆོས་ལུང་སྡེ་ཁུལ་ཆོས་ལུང་ཁུག་ལམ་གྱི་དྲ་མིག་དང་པོ། སེང་ཟེ་སྲང་ལམ་དོན་གཅོད་ཁང་གི་སེང་ཟེ་སྡེ་ཁུལ་མ་ཎི་ཐང་མགོ་དྲ་མིག་གཉིས་པ། ཤེལ་དཀར་སྲང་ལམ་དོན་གཅོད་ཁང་གི་བཀྲ་ཤིས་དར་ཐང་གྲོང་སྡེ་ཚོང་ར་ཧྲུའུ་ཇིས་ཧྲོའོ་གསར་ཐོན་སྒོ་རྩིས་ཁང་། ཤེལ་དཀར་སྲང་ལམ་དོན་གཅོད་ཁང་གི་རྒྱལ་ཁའི་ལམ་སྡེ་ཁུལ་དྲ་མིག་བཞི་བ། ཤེལ་དཀར་སྲང་ལམ་དོན་གཅོད་ཁང་གི་རྒྱལ་ཁའི་ལམ་སྡེ་ཁུལ་གཉིས་བཀུར་ཁུལ་ཆུང་དང་པོའི་ཐོག་བརྩེགས་དང་པོ།
ཚོད་འཛིན་བྱ་ཐབས། བཀག་སྡོམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་ནས། སྒོ་ཕྱིར་མི་བུད་པ་དང་། སྒོ་ཁར་ཞབས་འདེགས་ཞུ་བར་སྐྱོད་པ་སོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་དེ་དུས་བཀག་ལྟར་གྲོང་མིར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་རེད།
审 核丨巴德扎西
编 辑丨尼玛旦周
往期回顾