玉树市广大市民朋友:
中共玉树市委宣传部
2022年11月18日
བཀག་སྡོམ་གྲོལ་ཡང་འགོག་སྲུང་གྲོལ་མི་རུང་། འགྲུལ་སྐྱོད་ཆོག་ཀྱང་ལྷོད་གཡེང་བྱེད་མི་རུང་།
——ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱ་ཆེའི་གྲོང་མི་ལ་སྤྲིངས་པའི་གྲོས་འདོན་ཡི་གེ
ཡུས་ཧྲུའུ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོ།
རང་རེའི་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད། འདི་ནི་ཚང་མ་མཉམ་དུ་འབད་བརྩོན་བྱས་རྗེས་ཀྱི་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཞིག་རེད། དེ་བས་རྒྱུན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར། གཞོགས་འདེགས་བྱེད་མཁན་གྱི་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་ལྟ་ང་ཚོར་བཀག་སྡོམ་གྲོལ་ཡང་འགོག་སྲུང་གྲོལ་མི་རུང་། འགྲུལ་སྐྱོད་ཆོག་ཀྱང་ལྷོད་གཡེང་བྱེད་མི་རུང་། རྩ་བ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་ན། ད་དུང་རྒྱ་ཆེའི་གྲོང་མིའི་གྲོགས་པོ་ཚོས་སྔར་བཞིན་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་གི་གཞོགས་འདེགས་བྱེད་དགོས། དེར་བརྟེན་ང་ཚོས་གྲོས་འདོན་གཤམ་གསལ།
ཉེན་ཁ་སྔར་བཞིན་ཡོད་པས་དོགས་ཟོན་བྱེད་རྒྱུ་ལྷོད་གཡེང་དུ་གཏོང་མི་རུང་། ཁྱེད་ཀྱིས་མུ་མཐུད་དུ་ཚུལ་མཐུན་གྱི་ཉམས་འཛིན་གནང་རོགས། མིག་སྔར་གྲོང་ཁྱེར་ཡོངས་སུ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད་པས། གྲོང་མི་གྲོགས་པོ་ཁག་གཅིག་ལ་དབུགས་ཧད་པ་དང་། ངལ་གསོ་རྒྱག་པ། སྤྲོ་སྐྱིད་གཏོང་བ་བཅས་ཀྱི་ཚོར་སྣང་ཡོང་སླ་བ། རང་རྟོགས་མེད་པའི་ངང་བསམ་བློའི་ཉེན་ཟོན་ལྷོད་གཡེང་དུ་སོང་ནས་ཁ་ཐུམ་མི་རྒྱག་པ། གཉེན་ཉེར་བར་འཚམས་འདྲི་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོས་སྔར་བཞིན་དོགས་ཟོན་བྱ་དགོས་པ་དང་ཤེས་དགོས་པ་ཞིག་ནི། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔར་བཞིན་ཕྱོགས་མང་པོ་ནས་མཆེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ། གྲོང་ཁྱེར་ཡོངས་ཀྱི་“རིམས་ནད”ཀྱི་འཐབ་རྩོད་དེ་སྔར་བཞིན་རྒྱུན་མཐུད་པ་དང་ཉེན་ཁའི་ས་ཁུལ་སྔར་བཞིན་གནས་ཡོད་པས། རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ཏེ་རང་འགུལ་ངང་དྲོད་ཚད་འཇལ་བ་དང་། བཤེར་རྟགས་འཚོལ་བ། ཁ་ཐུམ་རྒྱག་པ། ཉིང་སྐྱུར་གྱི་དཔང་ཡིག་སྤྲོད་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་དགོས།
རིམས་ནད་རྩ་མེད་གཏོང་མེད་ཚེ་སྔོན་འགོག་ཚོད་འཛིན་ལྷོད་གཡེང་གཏོང་མི་རུང་། ཁྱེད་རང་གིས་མུ་མཐུད་ནས་འགོག་སྲུང་ཡག་པོ་གནོངས་རོགས། “མི་ཚང་མ་རང་ཉིད་ཀྱི་བདེ་ཐང་ནི་རང་གི་འགན་འཁྲི་བ་ཨང་དང་པོ་ཡིན་པའི”འདུ་ཤེས་བཙུགས་ཏེ་རྒྱུན་དུ་ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ། རྒྱུན་དུ་རླུང་རྒྱུག་པ། སྤྱི་སྤྱོད་ཐུར་མ་སྤྱོད་པ་བཅས་མཐའ་འཁྱོངས་བྱེད་དགོས། གློ་ལུ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་འགེབས་སྲུང་དོ་སྣང་བྱས་ཏེ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་དགོས། “བཀྲ་ཤིས་པའི་བྱ་བ་ཕྱིར་འགྱངས་དང་། གཤིན་པོ་དུར་སྐྱེལ་སྟབས་བདེར་སྒྲུབ་པའི་”གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། རང་འགུལ་ངང་གསོལ་སྟོན་དང་འདུ་འཛོམས་མི་བྱེད་པ། གཟུགས་པོ་བདེ་ཐང་གི་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། གལ་སྲིད་ཚ་བ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། མིད་པ་ན་བ། བྲོ་བ་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་སྐབས། འཕྲལ་མར་སྲང་ལམ་དོན་གཅོད་ཁང་དང་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་མ་ཟད། འགོག་སྲུང་ཡག་པོ་བྱེད་ནས་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བསྐྱོད་དེ། བདེན་པའི་ངང་སྨན་དོན་མི་སྣར་ཕྱིར་བསྐྱོད་གནས་ཚུལ་དང་མི་སྣ་ཐུག་འཕྲད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ཤོད་པ་དང་འབྲེལ་ཡོད་བརྟག་དཔྱད་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། ཚན་རིག་དང་མཐུན་པའི་བདེ་ཐང་སྔོན་འགོག་གི་ཤེས་བྱ་རང་འགུལ་ངང་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ནས་རིམས་འགོག་གི་ཆ་འཕྲིན་དོ་ཁུར་ཆེན་པོ་བྱས་ཏེ་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱ་དགོས།
ས་སྲུང་གི་འགན་འཁྲི་འཁུར་ཏེ་འཐབ་འཛིང་ལ་ལྷོད་གཡེང་མི་བྱེད། ཁྱེད་ཉིད་ཀྱིས་མུ་མཐུད་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་རོགས། རིམས་ནད་སྔོན་འགོག་ཚོད་འཛིན་ནི་མི་དམངས་ཀྱི་དམག་འཁྲུག་ཅིག་ཡིན། ཚང་མས་ཁྱོན་ཡོངས་ལ་ལྟ་རྟོག་གནོངས་རོགས་ཞུ། རང་ངོས་ཀྱི་གཏམ་སྤྱོད་མུ་མཐུད་ཚད་ལྡན་དུ་གཏོང་བ་དང་འབྲེལ་ཁྱིམ་མི་དང་གྲོགས་པོ་ཚོར་སྐུལ་ཁྲིད་གནོངས། སྔོན་འགོག་ཚོད་འཛིན་ལས་དོན་མི་སྣའི་ལས་དོན་ལ་ཤེས་རྟོགས་མང་ཙམ་བྱེད་ནས། མུ་མཐུད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དཔུང་པ་མཉམ་གཤིབ་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་ལ་བརྩི་སྲུང་ནན་པོ་ཞུ་བ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱེད་པ། རང་ངོས་བདེ་ཐང་གི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། གཅེས་སེམས་བརྒྱུད་སྤྲོད་བྱེད་པ། ཡིད་ཆེས་འཕེལ་བ་བཅས་བྱས་ནས་ང་ཚོ་ཕྱོགས་གཅིག་གི་ས་ཆུའི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་དགོས།
ནད་ཡམས་རྩ་མེད་མ་སོང་བར་དུ་ཁ་ཐུམ་ལྷུག་ཏུ་མི་གཏོང་། ཁྱེད་རང་གིས་མུ་མཐུད་དེ་ཁ་ཐུམ་ཡག་པོ་རྒྱག་རོགས། བཀག་སྡོམ་གྲོལ་ཡང་འགོག་སྲུང་གྲོལ་མི་རུང་། སྤྱི་སྤྱོད་ས་ཁོངས་འགྲོ་འོང་བྱེད་སྐབས་ཁ་ཐུམ་ཚན་རིག་དང་མཐུན་པའི་ངང་རྒྱག་རྒྱུ་ནི་ཏོག་གསར་ནད་དུག་མཆེད་ཚད་དང་ཉེན་ཁ་ཆུང་དུ་གཏོང་བ་བྱེད་པའི་བྱ་ཐབས་ནུས་ལྡན་ཤིག་ཡིན། ལྷག་པར་དུ་སྟོན་དགུན་གཉིས་ཀྱི་དུས་ཚིགས་ནི་ཆམ་རིམས་ཁྱབ་པའི་དུས་ཡིན་པ་དང་། རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོ་སྤྱི་སྤྱོད་ས་ཁོངས་སུ་གནས་པ་དང་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས། སྨན་ཁང་དུ་སྨན་བཅོས་དང་ནད་གཡོག་བྱེད་སྐབས། ལུས་པོའི་དྲོད་ཚད་བརྟག་དཔྱད་དང་བདེ་ཐང་བཤེར་རྟགས་ཐོ་འགོད་སོགས་ཀྱི་བདེ་ཐང་བརྟག་དཔྱད་དང་ལེན་བྱེད་སྐབས། སྣ་གྲེ་མི་བདེ་བ། གློ་ལུ་བ། ཧབ་སྦྲིད་རྒྱག་པ། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་སྐབས། ཚང་མས་ཁ་ཐུམ་ཡག་པོར་འདོགས་དགོས། སྤྱི་དམངས་ཀྱིས་ཐེངས་གཅིག་རང་བཞིན་གྱི་སྨན་བཅོས་ཁ་རས་དང་། སྨན་བཅོས་ཕྱི་ནད་ཁ་རས། ཡང་ན་འགོག་སྲུང་རིམ་པ་དེ་དག་ཡན་གྱི་ཁ་ཐུམ་སྤྱོད་དགོས། ཁ་ཐུམ་་རྒྱག་དུས་ཁ་ཐུམ་གྱིས་ཁ་སྣ་དང་མ་ནེ་བཀབ་ཐུབ་པ་བྱེད་དགོས། ཁ་ཐུམ་བརྒྱབ་ནས་ཆུ་ཚོད་8ལས་བརྒལ་རྗེས་ཁ་ཐུམ་བརྗེ་དགོས། ཁ་་ཐུམ་བཙོག་པ་དང་རྣམ་པ་འགྱུར་བ། སྐྱོན་ཆག་ཤོར་བ། དྲི་ངན་ཤོར་བ་བཅས་ཀྱི་གནས་ཚུལ་ཐོན་སྐབས་བརྗེ་དགོས། ས་ཁུལ་ལས་བརྒལ་བའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཐོག་སྤྱོད་མྱོང་བའི་ཁ་ཐུམ་དང་། སྨན་ཁང་སོགས་ཁོར་ཡུག་ཏུ་སྤྱོད་མྱོང་བའི་ཁ་ཐུམ་སྤྱོད་རྗེས་དེ་མ་ཐག་ཏུ་བརྗེ་དགོས། བསྐྱར་དུ་སྤྱོད་ཆོག་པའི་ཁ་རས་བེད་སྤྱོད་མི་བྱེད་པའི་སྐབས་སུ་གཙང་མ་དང་སྐམ་ས། རླུང་རྒྱུག་ས་བཅས་སུ་འགེལ་དགོས། ཁ་ཐུམ་རྒྱག་པའི་སྐབས་སུ་དབུགས་འགག་པའམ་དབུགས་ཐུང་པ་སོགས་མི་བདེ་བ་བྱུང་ན། མྱུར་དུ་རླུང་ཁམས་ཆེ་བའི་ས་གནས་འགྲོ་ནས་ཁ་ཐུམ་ལེན་དགོས། ཁ་རས་དོར་སྐབས་ཁ་ཐུམ་དོར་སའི་རྟགས་ཡོད་པའི་ཆེད་སྤྱོད་གད་སྙིགས་སྒམ་ནང་དུ་དོར་དགོས། ཁ་ཐུམ་རྒྱག་པ་ནི་རང་གཞན་གཉིས་ཀ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན།
“སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ལ་རྒྱལ་ཁ་ཐོབ་པ་དང་།གོང་འོག་གཅིག་སྒྲིལ་བྱེད་མཁན་ལ་རྒྱལ་ཁ་ཐོབ་པ་རེད།” གནད་འགག་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། རང་ཉིད་ཀྱི་བདེ་ཐང་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ཁྱེད་དང་ངེད་གཉིས་ནི་རིམས་ནད་འགོག་བཅོས་འཐབ་ཕྱོགས་ཐོག་གི་ཁོངས་མི་ཞིག་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་འགོག་བཅོས་བྱེད་མཁན་གྱི་ནང་མི་ཞིག་ཡིན། ང་ཚོས་རྡོག་རྩ་གཅིག་སྒྲིལ་དང་། དམངས་སེམས་གཅིག་སྒྲིལ། ཚན་རིག་དང་མཐུན་པའི་སྔོན་འགོགབྱེད་ནས། མཉམ་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས།
审 核丨巴德扎西
编 辑丨尼玛旦周
往期回顾