玉树市新冠肺炎疫情防控处置工作指挥部
关于调整玉树市主城区中、高风险区域的通告
(2022年第86号)
根据《新型冠状病毒肺炎防控方案(第九版)》的相关规定,经玉树市新冠肺炎疫情防控处置工作指挥部综合分析研判,决定自2022年11月7日23时起,对以下区域的风险等级进行调整:
玉树市新冠肺炎疫情防控处置工作指挥部
2022年11月7日
ཡུས་ཧྲུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་གྲོང་ཁུལ་གཙོ་བོའི་ས་ཁོངས་ཁ་ཤས་ཉེན་ཁ་འབྲིང་དང་ཆེ་བའི་ས་ཁུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
(2022ལོའི་ཨང་86པ།)
《གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གློ་ཚད་འགོག་བཅོས་ཇུས་གཞིའི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་ཟླ་11པའི་ཚེས་7ཉིན་གྱི་དུས་ཚོད་23 ནས་བཟུང་གཤམ་གྱི་ས་ཁོངས་ཀྱི་ཉེན་ཁ་རིམ་པ་ལེགས་སྒྲིག་བྱ་རྒྱུ་ཡིན།
གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“ཕྱོགས་བཞིའི་འགན་འཁྲི”སྔར་བས་ནན་དུ་གཏོང་བ་དང་། ཤང་ཁག་གྲོང་རྡལ་དང་སྲང་ལམ་ཁག་གིས་ཁོངས་གཏོགས་ཀྱི་འགན་འཁྲི་གཟབ་ནན་དུ་འཁུར་ཏེ། ལྟ་སྐུལ་ཞིབ་བཤེར་ལེགས་པོར་བྱེད་ནས་དོ་དམ་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱུང་དགོས། ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྡེ་ཚན་དེ་གའི་མི་སྣ་འགྲོ་འོང་དོ་དམ་དང་བདེ་ཐང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། རྒྱ་ཆེའི་གྲོང་མིས་མི་སྒེར་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ཞུ་བ། གཅིག་སྡུད་མི་བྱེད་པ་དང་བསྡུ་རུབ་མི་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རང་འགུལ་ངང་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་བརྟན་དུ་གཏོང་དགོས།
审 核丨巴德扎西
编 辑丨尼玛旦周
往期回顾