关于开展玉树市主城区全员核酸检测通告
(2022年第84)
根据目前疫情防控形势,为切实保障广大群众身体健康和生命安全,经玉树市疫情防控处置工作指挥部研究,决定开展玉树市主城区全员核酸检测。现将有关事项通告如下:
一、检测范围
除新寨街道琼龙社区、日益格社区,扎西科街道甘达村、国营牧场(藏巴拉社区)、扎西科社区(低保小区)、西杭街道扎西大同社区(一至五网格、九网格、十一网格)、禅古村、禅古寺以外的主城区全体居民(包括本地常住人口、暂住人口、临时流动人口、务工人员等)。
二、检测时间
2022年11月7日上午8:00—中午12:00
三、检测区域划分
(见附表)
四、注意事项
附:玉树市主城区全员核酸检测工作责任明细表
玉树市疫情防控处置工作指挥部
2022年11月7日
ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཁོངས་མི་ཡོངས་ལ་ཉིང་སྐྱུར་མ་དཔེ་ཚད་ལེན་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་སྐོར་གྱི་བརྡ་ཐོ།
(2022ལོའི་ཨང་84པ།)
མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དགོས་མཁོ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ཡུས་ཧྲུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཁོངས་མི་ཡོངས་ལ་ཉིང་སྐྱུར་མ་དཔེ་ཚད་ལེན་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་གཏན་འབེབས་བྱས་ཡོད་པས་། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག ཞིབ་བཤེར་བྱེད་ཁོངས།
ཡུས་ཧྲུའུ་གྲོང་ཁྱེར་སེང་ཟེ་སྲང་ལམ་དོན་གཅོད་ཁང་མངའ་འོག་གི་ཆོས་ལུང་སྡེ་ཁུལ་དང་རི་གཞི་སྒེས་སྡེ་ཁུལ། བྱ་ཤུལ་ཁུལ་སྲང་ལམ་དོན་གཅོད་ཁང་མངའ་འོག་གི་སྐར་མདའ་གྲོང་ཚོ་དང་རྒྱལ་གཉེར་ཕྱུགས་ར།(ཛམ་བྷ་ལ་སྡེ་ཁུལ)བྱ་ཤུལ་ཁོག་སྡེ་ཁུལ། (དམའ་སྲུང་ཁུལ་ཆུང་།)ཤེལ་དཀར་སྲང་ལམ་དོན་གཅོད་ཁང་མངའ་འོག་གི་བཀྲ་ཤིས་དར་ཐང་སྡེ་ཁུལ།(དྲ་མིག་དང་པོ་ནས་དྲ་མིག་ལྔ་བ། དྲ་མིག་དགུ་བ། དྲ་མིག་བཅུ་གཅིག་པ།) ཁྲ་འགུ་གྲོང་ཚོ་དང་ཁྲ་འགུ་དགོན་ཕུད་པའི་གཞན་དག་གྲོང་ཁུལ་གཙོ་བོའི་མི་སྣ་ཡོངས་རྫོགས།(གནས་སྡོད་དུད་ཚང་དང་། སྐོར་སྐྱོད་མི་སྣ། ལས་གཉེར་མི་སྣ་སོགས)
གཉིས། ཞིབ་བཤེར་དུས་ཚོད།
2022ལོའི་ཟླ་11པའི་ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་8:00པ་ནས་12:00བར།
གསུམ། ཞིབ་བཤེར་ཚད་ལེན་བྱེད་སའི་ས་ཁོངས་དབྱེ་སྟངས།
(ཟུར་བཀོད་རེའུ་མིག་ཏུ་གསལ།)
བཞི། དོ་སྣང་བྱ་དགོས་པའི་དོན་ཚན།
(གཅིག)གྲོང་ཁུལ་གཙོ་བོ་ཁྱབ་ཁོངས་ཀྱི་གྲོང་མི་ཡོངས་ཀྱིས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་རིག་ནུས་ལག་ཁྱེར་ཁ་པར་འཁྱེར་དགོས་པ་དང་། དུས་ལྟར་སྒྲིག་ལམ་ཡོད་པའི་ངང་ནས་མ་དཔེ་ཚད་ལེན་ས་ཚིགས་སུ་ཚད་ལེན་བྱེད་དུ་འགྲོ་དགོས། མ་དཔེ་ཚད་ལེན་མ་བྱས་པའི་སྔོན་དུ་ཆུ་ཚོད་2ནང་དུ་བཟའ་བཏུང་མི་བྱེད་པ། སྐར་མ་30ནང་དུ་ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ། ཁ་གཙང་ཐང་ཆུ་མི་ལྡད་པ་བཅས་བྱས་ནས་ཞིབ་བཤེར་མཇུག་འབྲས་ལ་གནོད་པ་མི་ཡོང་བ་བྱེད་དགོས། མ་དཔེ་ཚད་ལེན་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོར་ཡང་དག་པའི་ངང་ཁ་ཐུམ་བརྒྱག་ནས་སྨི་2ཀྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་དགོས། མ་དཔེ་བླངས་ཚར་རྗེས་མི་སྡོད་པར་དུས་ཐོག་ཏུ་ཁྱིམ་དུ་ལོག་དགོས།
(གཉིས།)ཉེ་བའི་ཆུ་ཚོད་48ནང་དུ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་པའི་མི་སྣ་དང་གཅིག་བསྡུས་ལོགས་བཀར་མི་སྣ་ད་ཐེངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ནང་ཞུགས་མི་དགོས།
(གསུམ།)རང་འགུལ་གྱིས་ཉིང་སྐྱུར་བཤེར་འཇལ་ལ་རམ་འདེགས་བྱེད་པ་ནི་སྤྱི་དམངས་རེ་རེའི་ཁྲིམས་བཀོད་འོས་འགན་ཡིན། ཞིབ་དཔྱད་བྱེད་ཁོངས་སུ་ཡོད་པའི་མི་སྣར་ཞིབ་དཔྱད་ཚད་ལེན་ལ་འགོག་རྒོལ་དང་གཡོལ་བ། མི་ཞུགས་པ་བཅས་བྱས་ནས། མཇུག་འབྲས་ཚབས་ཆེན་ཐོན་པའམ་ཡང་ན་རིམས་འགོག་ལས་དོན་ལ་གཞོགས་འདེགས་མི་བྱེད་པ་དང་དེ་བཞིན་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྦ་གསང་དང་རྫུན་ཞུ་བྱེད་མཁན་ཡོད་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
审 核丨巴德扎西
编 辑丨尼玛旦周
往期回顾