ཀྲུང་གུང་མཚོ་སྔོན་ཞིང་ཨུད། མཚོ་སྔོན་ཞིང་ཆེན་
མི་དམངས་སྲིད་གཞུང་།
“ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་དེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་།
2024ལོའི་ཟླ2པའི་ཚེས20ཉིན།
2024ལོ་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཞིང་གསུམ”ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དེ་དག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་པ་དང་། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། “ ཁྲི་སྟོང་བཟོ་འགོད”ལ་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས། སྐུལ་འདེད་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་འཕེལ་རྒྱས་གསར་པ་ཡོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་གཏོང་དགོས། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་“སྡེ་བ་སྟོང་གི་དཔེ་སྟོན་དང་སྡེ་བ་ཁྲིའི་བཅོས་སྐྱོང”བཟོ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་དེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གཞིར་བཟུང་ནས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་བསམ་འཆར་འདི་བཟོས་པ་ཡིན།
གཅིག རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ།
༡འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱ་རྒྱུར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ།རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི107ཡན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ཏེ་གྲོ་དང་། སྣུམ་ཚལ། ནས། ཞོག་ཁོག་སོགས་འབྲུ་རིགས་གཙོ་བོར་དམིགས་ནས་ས་ཞིང་བཟང་པོ་དང་སོན་བཟང་།ཞིང་ལས་ལག་རྩལ་ཁྱབ་སྤེལ།ཐབས་ཤེས་བཟང་པོ་སོགས་ཕྱོགས་བསྡུས་ཀྱིས་ཁྱབ་གདལ་གཏོང་བ་དང་། འབྲུ་རིགས། སྣུམ་དང་སྔོ་ཚལ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལག་རྩལ་དེ་འགག་སྒྲོལ་ཞིང་ཁ་དང་དཔེ་སྟོན་ཞིང་ཁ་ནས་གཞི་རྩའི་ཞིང་ཁའི་རྒྱ་ཁྱོན་ཆེན་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། ཞིང་ཁར་བཏབ་པའི་སྔོ་ཚལ་འདེབས་ཁྱོན་ཆེ་རུ་གཏོང་བ། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་ལ་བྱ་དགའ་སྤྲོད་པ་སོགས་ཞིང་དར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཞིང་ལས་རྒྱུ་ཆས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོའི་ངང་ཁ་གཏད་འཇལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རྫས་ལུད་དང་ཞིང་སྨན་སོགས་ཞིང་ལས་རྒྱུ་ཆས་ཐོན་སྐྱེད་དང་།གསོག་འདྲེན།སྙོམས་སྒྲིག་བཅས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ།ཞིང་ལས་རྒྱུ་ཆས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་སྤེལ་བ་བཅས་བྱ་དགོས།ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་དུ་ཞིང་ལས་འགན་བཅོལ་གྱི་འབྲུ་རིགས་ལོ་ཏོག་གཙོ་བོའི་མ་གནས་ཆ་ཚང་འགན་བཅོལ་ལག་བསྟར་བྱས་ནས་འབྲུ་རིགས་འདེབས་མཁན་ཞིང་དུད་ཀྱི་ཡོང་འབབ་བརྟན་པོ་ཡོང་བ་བྱེད་དགོས།སྣུམ་རྒྱུའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བཟོ་འགོད་ལག་བསྟར་བྱ་དགོས།གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།“འབྲུ་རིགས་གཟན་ཆས་སུ་བསྒྱུར་བ”དང་ཐོན་ཚད་མཐོ་ཞིང་སྤུས་ཀ་ལེགས་པའི་འབུ་སུ་ཧང་དཔེ་སྟོན་རྣམ་གྲངས་མུ་མཐུད་ལག་བསྟར་བྱ་དགོས།ཡུལ་བབ་དང་བསྟུན་ནས་སྒྲིག་སྦྱོར་རྣམ་པའི་ནོར་ལུག་སྤྱིལ་བུ་དང་།སྒུལ་བདེའི་ཕྱུགས་ར།རང་འགུལ་ཅན་གྱི་གཟན་ཆག་སོགས་དེང་རབས་ཀྱི་སྒྲིག་ཆས་ཁྱབ་གདལ་དུ་གཏོང་བ་དང་།སྐྱེ་ཁམས་ཕྱུགས་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས།“ཚོད་སླེའི”ཐོན་རྫས་འཕྲལ་བསྟུན་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཞིང་ཆེན་དང་གྲོང་ཁྱེར།རྫོང་བཅས་ཀྱི་ཕག་པ་ཐོན་སྐྱེད་བྱེད་ནུས་སྙོམས་སྒྲིག་རྟེན་གཞིའི་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་དམ་དུ་གཏོང་བ།ནོར་ལུག་ཤའི་རྨང་གཞིའི་ཐོན་སྐྱེད་བྱེད་ནུས་བརྟན་པོ་ཡོང་བ།ཤ་དང་སྒོང་ང་།འོ་མ་གསུམ་གྱི་ཚོང་ར་མཁོ་སྤྲོད་བརྟན་པོ་ཡོང་བ་བཅས་བྱ་དགོས།ཡུལ་བབ་དང་བསྟུན་ནས་སྐམ་སའི་རྨང་གཞིའི་སྐྱེ་ཁམས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ་དང་།དྲ་སྒམ་གསོ་སྤེལ་གཞི་ཁྱོན་བརྟན་པོ་ཡོང་བ་བྱས་ནས“སྐམ་སའི་རྨང་གཞི+དྲ་སྒམ”གྱི་མཐུད་རྒྱུག་གསོ་སྤེལ་བྱེད་སྟངས་གང་མགྱོགས་འཛུགས་དགོས།ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་གཞི་གྲངས་ལ་ཞིབ་བཤེར་བྱེད་པ།དྭགས་གཙང་མཚོ་སྔོན། མཐོ་སྒང་སྤུས་རྫས”ཀྱི་ཞིང་འབྲོག་ལས་ཀྱི་སྤུས་རྟགས་གཏོད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་དབྱར་རྩྭ་དགུན་འབུ་དང་འཕང་འབྲས་སོགས་ཀྱི་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་བར་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་བས་མང་བོ“ཕྱིར་སྐྱོད”བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
༢“སོ་སྐྱེ”གི་རྨོ་ཞིང་སྲུང་སྐྱོང་བྱེད་ཐབས་ནན་པོ་དོན་འཁྱོལ་བྱ་དགོས།རྨོ་ཞིང་གི་གྲངས་འབོར་དང་།སྤུས་ཚད།སྐྱེ་ཁམས་བཅས“གནས་གསུམ་གཞི་གཅིག”གི་སྲུང་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ནང་ཁ་གསལ་བའི་རྨོ་ཞིང་དང་ཡུན་གཏན་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་པའི་ལས་འགན་གཅིག་གྱུར་གྱིས་དོན་འཁྱོལ་ཡག་པོ་བྱེད་པ།རྨོ་ཞིང་ཡོད་ཚད་འགན་སྲུང་དང་ཡུན་གཏན་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་པའི་དམིགས་འབེན་དང་ལས་འགན་གནས་ཡུལ་གྲོང་ཁྱེར(ཁུལ་)ཁག་ལ་གཤམ་སྤྲོད་བྱེད་པ་དང་།ལོ་འཁོར་མོའི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནང་འཇུག་དགོས། རྨོ་ཞིང་བསྡོམས་འབོར་འགུལ་རྣམ་དོ་མཉམ་ཡོང་བ་དམིགས་འབེན་དུ་བཟུང་སྟེ“ཁ་གསབ་ལ་བརྟེན་ནས་བདག་བཟུང་གཏན་འཁེལ་བྱེད་པ”རྒྱུན་འཁྱོངས་བྱས་ཏེ།”རང་རེའི་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་རྨོ་ཞིང་བཟུང་གསབ་དོ་མཉམ་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་གསོག་འཇོག་ལས་ཀ་ལེགས་པར་བསྒྲུབ་པ་བྱེད་དགོས།གསར་དུ་བསྣན་པའི་རྨོ་ཞིང་གི་དུས་མཇུག་དོ་དམ་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་གི་སྐྱེ་ལྡན་རྫས་བཅུད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་སྐྱེ་ལྡན་ལུད་སྤྱོད་ཤུགས་ཆེ་རུ་གཏོང་དགོས།ཁྲིམས་འགལ་གྱིས་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས“དྲོད་ཁང་ཆེན་མོའི”གནད་དོན་བསྐྱར་ལོག་མི་ཡོང་བར་བྱ་དགོས།རྨོ་ཞིང“ཞིང་མིན་ཅན”དང“འབྲུ་མིན་ཅན”བཅོས་སྒྲིག་ཏན་ཏིག་བྱས་ཏེ་ས་རྒོད་སྐྱུར་འཇོག་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཕྱོགས་བསྡུས་བཅོས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།ཙོང་ཁ་སོགས་རྫོང5(གྲོང་ཁྱེར་དང་ཁུལ)རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོར་དོ་དམ་ཚོད་འཛིན་བྱེད་པའི“པར་རིས་གཅིག”འབྲི་བའི་ཚོད་ལྟ་བྱས་ཏེ་སྤྱིར་བཏང་རྨོ་ཞིང་གཙོ་བོ་འབྲུ་རིགས་དང་།སྣུམ་རྒྱུ།སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་དང་གཟན་རྩྭ་དང་གཟན་ཆག་ཐོན་སྐྱེད་ཐད་སྤྱོད་རྒྱུ་འགན་ལེན་བྱས་པ་དང་།ཡུན་རིང་གཞི་རྩའི་ཞིང་ཁ་གཙོ་བོ་འབྲུ་རིགས་ཐོན་སྐྱེད་ཐད་དུ་སྤྱོད་རྒྱུ། རྒྱལ་ཡོངས་ཀྱི་ས་རྒྱུ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་བྱེད་དགོས།
༣ཞིང་འབྲོག་ལས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་འཇོག་ཤུགས་དང་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆུ་བེད་ཞིང་ཆུ་འདྲེན་པའི་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱི་རྨོ་ཞིང་དམིགས་བསལ་གྱིས་སྔོན་ལ་ཚད་གཞི་མཐོ་བའི་ཞིང་ཁར་འཛུགས་སྐྲུན་བྱ་དགོས་པ་དང་།ཡུན་གཏན་གྱི་གཞི་རྩའི་ཞིང་ཁ་ཡོངས་རྫོགས་ཚད་གཞི་མཐོ་བའི་ཞིང་ཁར་རིམ་བཞིན་འཛུགས་སྐྲུན་བྱ་རྒྱུའི་ལག་བསྟར་ཇུས་གཞི་འདོན་པ།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་འཇོག་པའི་ཚད་གཞི་འོས་འཚམ་གྱིས་མཐོ་རུ་གཏོང་བ་བ་དང་།ལོ་འཁོར་གྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་ཏན་ཏིག་བཅས་བྱ་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་།ཞིང་ལས་གཉེར་སྐྱོང་གསར་གྲས།ཞིང་དུད་སོགས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་པར་ཐད་ཀར་ཞུགས་པར་བསྔགས་སྐུལ་བྱ་དགོས།ཚྭ་བུལ་རྨོ་ཞིང་བཅོས་སྐྱོང་ཚོད་ལྟ་དང་ཚྭ་བུལ་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཞིབ་འཇུག་བྱས་ནས་ཚྭ་བུལ་རྨོ་ཞིང་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་ལག་བསྟར་ཇུས་གཞི་བཟོ་དགོས། “མཚོ་སྔོན་ཞིང་ཆེན་གྱི་ཆུའི་དྲ་བའི་འཆར་འགོད”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་རིམ་པ་གསུམ་གྱི་ཆུའི་དྲ་བའི་མ་ལག་མགྱོགས་མྱུར་བསྐྲུན་དགོས།ཆུ་ལོག་རྒྱུག་ལམ་བཅོས་སྐྱོང་དང་།ཆུ་བོ་འབྲིང་ཆུང་བཅོས་སྐྱོང་།ཞིང་ཆུ་གཏོང་ཁུལ་འབྲིང་གྲས་བསྒྱུར་བཀོད།ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་།ཉེན་ཡོད་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་སོགས་ཀྱི་རྣམ་གྲངས་ཁག་ཅིག་ལག་བསྟར་བྱ་དགོས། གནོད་འཚེ་ཕོག་ཁུལ་གྱི་ཆུ་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོ་དང་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ལོ་མཇུག་སྔོན་གྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་ལེན་ཆུ་ཚད་དེ་གནོད་འཚེ་མ་ཕོག་གོང་གི་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་རྒྱུའི་འགན་ལེན་བྱེད་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་གསོན་པོའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་རྒྱུ་བཀོད་སྒྲིགམགྱོགས་སུ་བཏང་ནས་ནོར་ལུག་བཤས་གཏོང་ཤུགས་ཆེ་རུ་བཏང་སྟེ་རྩྭ་རའི་གནོན་ཤུགས་ཆུང་དུ་གཏོང་དགོས། གནམ་གཤིས་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་གྱི“འབོད་སྐུལ”དང“གཉིད་འབོད”གྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།་ཞིང་འབྲོག་ལས་སྒྲིག་བཀོད་དེང་རབས་ཅན་གྱི་རིམ་སྤོར་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འབྲི་གཡག་དང་བོད་ལུག་གསོ་ཚགས་རྟེན་གཞི་དང་དེང་རབས་སྒྲིག་བཀོད་ཅན་གྱི་ཞིང་འབྲོག་ལས་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པ།
༤ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།རྒྱལ་ཁབ་ཀྱི་འབྲི་གཡག་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་མཚོ་བོད་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་ཚོད་ལྟ་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་རང་རེའི་ཞིང་ཆེན་གྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་སྡེ་ཁག་དང་མཉམ་ལས་གཏིང་ཟབ་བྱེད་པར་བསྔགས་སྐུལ་བྱས་ནས་སོན་གསོའི་མཉམ་འབྲེལ་འགག་སྒྲོལ་བྱ་དགོས། “གསོ་སྤེལ་རྒྱུད”ཀྱི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་མཐོ་སྒང་ཁྱད་ཆོས་དང་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་སོན་བཟང་གསོ་སྐྱོང་བྱེད་དགོས།འབྲི་གཡག་ལ་མིའི་ཐབས་ལ་བརྟེན་ནས་ཁམས་དཀར་སྤྲོད་པའི་ལག་རྩལ་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ།འབྲི་གཡག་དང་བོད་ལུག་གི་མཐོ་སྒང་སོན་གསོའི་རྟེན་གཞི་གཏོད་པ།“འཛམ་གླིང་གཡང་ནོར་གྱི་ཕ་ས”དང“ཀྲུང་གོའི་བོད་ལུག་གི་གཞིས་ཁྱིམ”ཞེས་པའི་མིང་བྱང་གསལ་པོ་ཕྱིས་པ། སྣུམ་ཚལ་དང་།ནས།ཞོག་ཁོག་སོགས་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ལ་དམིགས་ནས་ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཕེལ་བཟང་བའི་རྟེན་གཞི་འཛུགས་སྐྲུན་བྱ་དགོས། ལྷོ་རྒྱུད་གསོ་སྤེལ་གྱི་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་བྱང་རྒྱུད་གསོ་སྤེལ་གྱི་མཐོ་ས་བསྐྲུན་དགོས།གཟན་རྩྭའི་སོན་བཟང་གསོ་སྤེལ་བྱེད་མགྱོགས་སུ་བཏང་ནས་རྩྭ་འདེབས་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི“གྲུབ་འབྲས་ལ་གྲོན་དངུལ་སྤྲོད་པའི”ལམ་སྲོལ་སྤེལ་བ།ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འཕྲུལ་ཆས་ཡོ་བྱད་ནང་འདྲེན་དང་།ལམ་ལུགས་བསྒྱུར་བཅོས། ཞིབ་འཇུག་གསར་སྤེལ། ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།རེས་སྐོར་གསར་པའི་ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས།གཞི་རིམ་གྱི་ཞིང་ལས་ལག་རྩལ་གྱི་ཁྱབ་སྤེལ་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་རྣམ་གྲངས་ལག་བསྟར་བྱས་ནས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།ཚན་རྩལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་ཁྲིད་སྣ་རིགས་དང་གཙོ་འདེད་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་དགོས།
༥ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་གང་མགྱོགས་འཛུགས་དགོས།ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་ནས།རིམ་པ་དང་ཐབས་ལམ་མང་བ།རྣམ་པ་མང་བ་བཅས་ཀྱི་སྒོ་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་དང་ཁྱབ་གདལ་གཏོང་དགོས།ཞིང་འབྲོག་པ་སོགས་ཚོགས་སྤྱི་ལ་ཁ་ཕྱོགས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ། རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་མཉམ་ལས་ཁང་དང་དཔེ་སྟོན་ཁང་གི་ཡིག་ཐོག་སྙན་ཞུའི་ལས་དོན་སྤེལ་ནས་གཉེར་སྐྱོང་བྱེད་པོ་གསར་པའི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ཞིང་།ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྟེགས་བུ་དང་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འགག་རྩའི་ལྷུ་ཚིགས་ཞན་ས་དང་ཞིང་འབྲོག་དུད་ཚང་ཆུང་གྲས་ལ་དམིགས་ཏེ་ཞབས་ཞུའི་ཁྱབ་ཁོངས་དང་རྣམ་པ་རྒྱ་ཆེར་གཏོང་བ། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་རིན་ཡོད་ཞབས་ཞུ་དེ་བར་གནས་མཚམས་སྦྱོར་དུ་བྱེད་པའི་བར་གནས་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ་མཉམ་སྡེབ་འབབ་འཕར་དང་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བའི་མཉམ་འགུལ་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་།
༦བཟའ་བཅའ་གྲོན་ཆུང་བྱེད་པའི་བྱ་སྤྱོད་ཁག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།ཐོན་ཁུངས་འདོན་པ་དང་བཞུར་བ་གྲོན་ཆུང་བྱེད་པ་གལ་ཆེ་མཉམ་བརྩི་དང་།ཐོན་འཕར་དང་གྱོང་གུན་ཆུང་དུ་གཏོང་བ་མཉམ་གཤིབ་རྒྱུན་འཁྱོངས་བྱས་ཏེ།འབྲུ་རིགས་ཀྱི་སྦྲེལ་ཐག་ཧྲིལ་པོར་གྲོན་ཆུང་དང་གྱོང་གུན་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་ནས།འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་དུ་གཏོང་བ་དང་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནང་དོན་དུ་འཇུག་དགོས།འབྲུ་རིགས་ལ་དགའ་ཞེན་དང་འབྲུ་རིགས་གྲོན་ཆུང་བྱེད་པའི་བྱ་ཐབས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་དམངས་ཡོངས་ཀྱི་འབྲུ་རིགས་གྲོན་ཆུང་དང་འབྲུ་རིགས་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།སྔོན་ཐོན་དང་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཕན་ནུས་ཆེ་བའི་ལས་སྣོན་ལག་རྩལ་ཁྱབ་གདལ་དུ་བཏང་ནས་ཐོན་སྐྱེད་ལྷུ་ཚིགས་ཀྱི་གྱོང་གུན་ཆུང་དུ་གཏོང་དགོས།བདེ་ཐང་གི་བཟའ་བཏུང་ལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་།སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་།ལས་རིགས་རང་གཅུན།སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཟུང་འབྲེལ་བྱེད་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།
གཉིས།གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས།
༧ དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་ཀ་ལེགས་པར་བསྒྲུབ་དགོས།ལྷོད་གཡེང་གི་བསམ་བློ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གཏན་འབེབས་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པ་སོགས་ཀྱི་ཐད་བསམ་བློ་གསར་གཏོད་དང་བརྟན་པོའི་ངང་མཐོ་རུ་བཏང་ནས་ཐོབ་པར་དཀའ་བའི་ལས་ཀའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཡོང་འབབ་ཚད་གཞི་ལེགས་སྒྲིག་ལུགས་མཐུན་བྱས་ནས་མི་སྒེར་གྱིས་ཡིག་ཐོག་སྙན་ཞུ་འབུལ་བ།གཅིག་སྡུད་གྲལ་བཤེར་དང་གཙོ་གནད་བཅར་འདྲི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྔ་མོ་ནས་ཤེས་རྟོགས་དང་།སྔ་མོ་ནས་ཐེ་གཏོགས།སྔ་མོ་ནས་རོགས་སྐྱོར་བྱེད་པ།“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་དེ་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བ།སློབ་མཚམས་འཇོག་རྒྱུར་ཚོད་འཛིན་དང་སློབ་སྦྱོང་འགན་ལེན་བྱེད་པའི“འགུལ་རྣམ་གཙང་སེལ”དོན་འཁྱོལ་བྱེད་དགོས། སློབ་མར་རོགས་དངུལ་སྤྲོད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་སློབ་མར“རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ”ཐུབ་པའི་འགན་ལེན་བྱེད་དགོས།ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་དོན་ཡག་པོ་སྒྲུབ་དགོས།སྡོད་ཁང་བདེ་འཇགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་ངང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ཀྱི་ཕུགས་ཕན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལ་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་ནས་ཆུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ། དབུལ་པོ་བསྐྱར་ལོག་གི་སྔོན་འགོག་ལྟ་ཞིབ་ཚད་ལེན་རོགས་སྐྱོར་རྒྱུན་རྣམ་ཅན་གྱི་གྲལ་བཤེར་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ།གནོད་འཚེ་ཕོག་པའི་རྐྱེན་གྱིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དབྱེ་འབྱེད་ཀྱི“ལྗང་མདོག་བགྲོད་ལམ”བཙུགས་ནས་གནོད་འཚེ་ཕོག་པའི་རྐྱེན་གྱིས་གཏན་འབེབས་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཚད་མཐོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་འཁུར་མཁན་ནད་པར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་སྟེགས་བུར་བརྟེན་ནས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་རིགས་ལ་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས།ཡོང་འབབ་དམའ་བའི་མི་འབོར་གྱི་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རོགས་སྐྱོབ་ཆ་འཕྲིན་ཞིབ་བསྡུར་གྲངས་གཞི་འཐུས་ཚང་དུ་བཏང་ནས་སྡེ་ཁག་དབར་གྱི་ཆ་འཕྲིན་བསྡུ་སྒྲིལ་མཉམ་སྤྱོད་ལམ་སྲོལ་དོན་འཁྱོལ་བྱས་ཏེ་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།དབུལ་པོ་བསྐྱར་ལོག་སྔོན་འགོག་གི་རོགས་སྐྱོར་སྲིད་ཇུས་དང་ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་སྦྲེལ་མཐུད་དང་ཟླ་སྒྲིལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
༨ཐོན་ལས་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།“ཁག་གཅིག་སྲ་བརྟན་དུ་གཏོང་བ་དང་ཁག་གཅིག་རིམ་སྤོར་བྱེད་པ།ཁག་གཅིག་གང་འགབ་ཅི་སྤྱོད་བྱེད་པ་དང་ཁག་གཅིག་ལེགས་སྒྲིག་བྱེད་པའི”བསམ་བློ་གཞིར་བཟུང་ནས་རོགས་སྐྱོར་ཐོན་ལས་རྣམ་གྲངས་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།རྣམ་པ་མང་བ་དང་སྣ་མང་ཅན་གྱི་དོ་དམ་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་དབུལ་སྒྲོལ་རྫོང(གྲོང་ཁྱེར་དང་ཁུལ)གི་བེད་མེད་རྣམ་གྲངས་ཀྱི་རྒྱུ་ནོར་གང་འགབ་ཅི་སྤྱོད་ནུས་ལྡན་བྱེད་དགོས།ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁྱད་པར་ཡོད་པའི་སྒོ་ནས་ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་ལ་སྤྱོད་པའི་བསྡུར་ཚད་གཏན་འཁེལ་བྱ་དགོས། ནོར་སྲིད་འབྲེལ་མཐུད་མ་དངུལ་གྱི་རྣམ་གྲངས་ཚད་ལྡན་དང་དོ་དམ་བྱས་ཏེ་ལོ་འཁོར་གྱི་རྣམ་གྲངས་འཆར་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་རྣམ་གྲངས་མ་དངུལ་གྱི་ཕན་འབྲས་དོ་དམ་ནན་པོ་བྱེད་དགོས།རོགས་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་གྱི་ཡོང་འབབ་བགོ་བཤའ་དང་སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་པར་འབབ་འཕར་ཡོང་བའི་ཕན་འབྲས་ཆེ་རུ་གཏོང་བ་དང་འཛད་སྤྱོད་རོགས་སྐྱོར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས“832”ཀྱི་ལས་སྟེགས་ཡག་པོ་མཁོ་སྤྱོད་བྱེད་པ། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་།ཐོན་ལས་འཕེལ་རྒྱས་ཀྱིས་སྐུལ་ཁྲིད་དང་།ཤར་ནུབ་རྒྱུད་རོགས་ལས་ཕྱིར་གཏོང་།རོགས་སྐྱོར་ཐོན་ལས་བཀོད་སྒྲིག རྒུད་གསབ་ལས་སྤྲོད་བསྡུ་ལེན།སྤྱི་ཕན་རང་བཞིན་གྱི་ལས་གནས་མཐའ་སྐྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་སྒྲོལ་མང་ཚོགས་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ལས་གནས་བརྟན་སྲུང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།“ཆར་ཟིལ་འཆར་གཞི+”ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ།
༩གཙོ་གནད་རྫོང་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།དབུལ་སྒྲོལ་རྫོང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟའི་སྲིད་ཇུས་ལེགས་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ཀྱི་གཙོ་གནད་རོགས་སྐྱོར་རྫོང15ལ་ལག་བསྟར་བྱས་ཏེ་བསྡུ་སྒྲིལ་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། དངུལ་རྩའི་སྡེ་ཁག་གིས་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བའི་བརྩོན་ལེན་བྱེད་དགོས། སྨན་བཅོས་དང་སློབ་གསོའི་ལས་བྱེད་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་ཚན་རྩལ་དམིགས་བསལ་མངགས་གཏོང་ཚོགས་པ་འདེམས་གཏོང་རྒྱུན་མཐུད་ངང་བྱེད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཧུར་ཐག་གིས་རྗེས་མཐུད་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་དགོས།ཡུལ་གཞན་དུ་གནས་སྤོ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་སླེབས་རྗེས་མི་འབོར་འཕར་བའི་རྐྱེན་གྱིས་སྡོད་ཁང་ཐད་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཆ་རྐྱེན་དང་མཐུན་པར་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས།ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར།ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་བཅས་ཀྱི་ལམ་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱས་ནས་རོགས་སྐྱོར་གྱི་རིམ་པ་མཐོ་རུ་གཏོང་བ་དང་།རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།
གསུམ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
༡༠ཞིང་འབྲོག་ཁུལ་གྱི་ཐོན་ལས་གཅིག་གཉིས་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འཕར་སྣོན་འབྲེལ་ཐག་དང་ཁ་གསབ་འབྲེལ་ཐག་ཀྱིས་ཐོན་ཁུངས་འབྲེལ་ཐག་དང་།ཐོན་རྫས་འབྲེལ་ཐག ཕྱིར་འཚོང་འབྲེལ་ཐག སྤུས་རྟགས་འབྲེལ་ཐག་བཅས་རྒྱུན་ཆད་མེད་པར་ལེགས་འགྱུར་དང་འཐུས་ཚང་དུ་གཏོང་བ་དང་། རྒྱུན་མཐུད་གཏིང་ཟབ་ངང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་གཏོང་དགོས།ཐོན་ཁུངས་ཀྱི་ལྷན་སྐྱེས་ལ་གཞི་ཚུགས་ནས་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ200བཏོད་པ། ས་གནས་ཁག་གིས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་ཕུལ་བྱུང་ཐང་ག་དང་།ཀྲུང་ལུགས་སྨན་དང་བོད་སྨན།ཤ་མོ།འཐེན་ཐུག སྔོ་ཚེམ་དྲུབ་མ།བོད་གདན་སོགས་ཁྱད་ལྡན་ཐོན་ལས་གཉེར་ནས་ལེགས་ལྡན་ས་ཁོངས་ཀྱི་རང་བརྟེན་སྤུས་རྟགས་གཏོད་དགོས།ཞིང་འབྲོག་ཁུལ་གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་འབྲོག་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་དང་ཞིང་འབྲོག་ལས་སྟོབས་ཆེའི་གྲོང་རྡལ་གཏོད་དགོས། དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་གི་ལོ་གསུམ་གྱི་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱས་ནས་མཐོ་སྒང་གྲང་བསིལ་སྔོ་ཚལ་ཐོན་ལས་རྟེན་གཞི་གཏོད་པ། ཀོང་ཧོ་དང་རྩེ་ཁོག་གཉིས་རྒྱལ་ཁབ་རིམ་པའི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཚོད་ལྟའི་རྫོང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། ས་ཁོངས་མི་འདྲ་བའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཚན་རིག་དང་མཐུན་པའི་འཆར་འགོད་དང་རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་རིམ་སྤར་བྱེད་པ། སྐྱེ་ཁམས་ཡུལ་སྐོར་དང་། དམངས་སྲོལ་ཉམས་ལེན། སྤྲོ་གསེང་སྒར་རྒྱག་སོགས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱེད་པ། ཁྱད་ཆོས་མངོན་པ་དང་སྤུས་ཀ་ལེགས་སུ་གཏོང་བ།ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་དགོས།
༡༡ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ལེགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས།ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་ཞིང་འབྲེལ་ཁེ་ལས་དང་ལས་སྣོན་རྣམ་པའི་མཉམ་ལས་ཁང་གིས་ཞིང་འབྲོག་ཐོན་རྫས་ཐོག་མར་ལས་སྣོན་དང་ལས་སྣོན་ཞིབ་ཚགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་དམའ་རིམ་ཐོན་རྫས་དེ་ཟུར་སྣོན་རིན་མཐོ་བའི་ཐོན་རྫས་སུ་འགྱུར་བ་མགྱོགས་སུ་གཏོང་དགོས།ཆ་འཕྲིན་ལག་རྩལ་དང་དེང་རབས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།ཁྱད་ལྡན་ཞིང་འབྲོག་ཐོན་རྫས་གསོག་འདྲེན་དང་སོས་ཉར།ད་དུང་ལས་སྣོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་སྟོན་བྱས་ནས་དེ་མཚུངས་ཀྱི་ལག་རྩལ་ཚད་གཞི་བཟོ་དགོས།ཞིང་འབྲོག་ཐོན་ལས་སྣོན་ལས་རིགས་དང་བཟའ་བཅའི་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་གཏོད་དེ་ཞིང་འབྲོག་ཐོན་ལས་སྣོན་ལས་རིགས་ལེགས་འགྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
༡༢ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།རྫོང་ཁོངས་ཀྱི་མྱུར་སྐྱེལ་དངོས་པོ་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རྫོང་དང་ཤང། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་དྲ་བ་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འདྲེན་པ་དང་ཞིང་འབྲོག་ཐོན་རྫས་གྲོང་ཁྱེར་དུ་འདྲེན་པའི་ཐབས་ལམ་ནུས་ལྡན་ངང་གཏོང་ཐུབ་པ་བྱེད་དགོས།ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཚོང་ར་ཚུལ་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བ་དང་།ཁྱད་ཆོས་ལྡན་པའི་ཐོན་ལས་ཐོན་ཁུལ་གཙོ་བོར་ས་ཁོངས་རང་བཞིན་གྱི་ཞིང་ཞོར་ཐོན་རྫས་ཚོང་ར་ཁག་ཅིག་བསྒྱུར་བཀོད་དང་རིམ་སྤར་བྱེད་པ།ཚོང་རའི་རྨང་གཞི་ཅུང་ལེགས་པའི་ཞང་དང་གྲོང་རྡལ་དུ་ཞིང་ཕྱུགས་ཐོན་རྫས་ཀྱི་དམའ་རིམ་ཚོང་ར་ཁག་ཅིག་གསར་དུ་བཅོས་སྐྲུན་བྱེད་པ།རྫོང་རིམ་པའི་ཕྱུགས་ལས་ཐོན་རྫས་ལས་སྣོན་ཐོན་སྐྱེད་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།འཁྱགས་སྦྲེལ་དངོས་ཟོག་སྐྱེལ་འདྲེན་མཚམས་ཚིགས་ཀྱི་སྒྲིག་བཀོད་དྲ་བ་གང་མགྱོགས་འཛུགས་པ་དང་།འཁོར་རྒྱུག་ཐབས་ལམ་འཁྱགས་སྦྲེལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཟོ་འགོད་ལག་བསྟར་བྱས་ཏེ་རྫོང་ཁོངས་ཀྱི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་རང་གི་དམིགས་བསལ་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱ་རྒྱུ་འཕེལ་རྒྱས་གཏོང་དགོས།ཞིང་འབྲོག་ཁུལ་གྱི་འགྲོ་རྒྱུག་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་རྒྱུན་མཐུད་བཅོས་སྒྲིག་བྱེད་པ།
༡༣ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་རྒྱ་ཆེར་གཏོང་བ་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཇེ་མཐོ་བཏང་ནས་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ལུགས་མཐུན་ངང་མཐོ་རུ་གཏོང་བ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས།ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་ལས་རྣམ་གྲངས་དང་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།“མཚོ་སྔོནeལས་ཞུགས”ཀྱི་ཁྱད་ལྡན་སྤུས་རྟགས་ཧུར་ཐག་གིས་བཏོད་དེ་ས་ཁོངས་ལས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་དང་སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཡུལ་སྐོར་དང་།གྲོང་གསེབ་ཡུལ་སྐོར། འཕང་འབྲས་འཐུ་བ།འཐེན་ཐུག་སོགས་ས་ཁོངས་རང་བཞིན་གྱི་ངལ་ལས་སྤུས་རྟགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྔར་ལས་མང་བ་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱ་དགོས།“ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”“དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བ”“འཕང་འབྲས་འཐུ་བའི་ལས་ཀ་འབྲེལ་མཐུད”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལོ་ཧྲིལ་པོར་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི106ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་གླ་ཆ་འགྱངས་ཆད་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་དང་།ཆུ་བེད།གྲོང་གསེབ་འཛུགས་སྐྲུན།གྲོང་གསེབ་ཀྱི་ཐོན་ལས།གེགས་རྗེས་བསྐྱར་སྐྲུན་སོགས་དམངས་ཀྱི་བཟོ་འགོད་ཁྱབ་ཁོངས་ཁག་ཏུ་རྒུད་གསབ་ལས་སྤྲོད་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་བསྡུ་ལེན་དང་སྐུལ་ཁྲིད་བྱེད་དགོས།ནོར་ལུག་བཤས་གཏོང་ལ་བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་དགོས།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་རྩ་འཛུགས་བྱས་ནས་དེའི་ཁོངས་མིས་རང་གཉེར་དང་།བོགས་གཏོང་།མ་རྐང་ནང་ཞུགས།མཉམ་ལས་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་བེད་མེད་དུ་ལུས་པའི་ཁང་ས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ནས་སྤྲོ་གསེང་ཞིང་འབྲོག་ལས་དང་བཟའ་བཏུང་དམངས་སྡོད་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་དགོས།
བཞི།གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
༡༤ཞིང་འབྲོག་ཁུལ་གྱི་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།“ཁྲི་སྟོང་བཟོ་འགོད”ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་མི་འབོར་འགྱུར་ལྡོག་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་མི་འདྲ་བའི་མི་འབོར་འཁོར་རྒྱུག་གི་འཕེལ་ཕྱོགས་གསར་པར་དམིགས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག སྔོན་དཔག་འཆར་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་མ་དངུལ་བསྡུ་སྒྲིལ་དང་རིམ་དབྱེ་རིགས་དབྱེ།སྐས་རིམ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ300འཛུགས་སྐྲུན་བྱེད་དགོས།རྫོང་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤང་དང་གྲོང་ཚོའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཟོ་བ་དང་ཞིབ་མཆན་འགོད་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་ས་ཁུལ་དབྱེ་བ་དང་རིགས་དབྱེ་ནས་གྲོང་ཚོའི་འཆར་འགོད་བཟོ་དགོས། རྨོ་ཞིང་གི་སྤྱི་འབོར་ཉུང་དུ་མི་འགྲོ་བ་དང་ཡུན་གཏན་གྱི་མ་རྩ་ཞིང་ཁའི་བཀོད་པ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཤང་དང་གྲོང་ཚོ་གཞི་རྩའི་ཚན་པར་བྱས་པའི་ས་ཁོངས་ཡོངས་ཀྱི་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་བརྟན་པོ་དང་་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཞིང་འབྲོག་ཁུལ་གྱི་ཐར་ཐོར་དང་བེད་མེད་དུ་ལུས་པའི་ས་ཆ་བསྡུ་སྒྲིལ་དང་གང་འགབ་ཅི་སྤྱོད་བྱས་ཏེ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས་ལ་མཁོ་བའི་ས་ཆ་འགན་ལེན་བྱེད་དགོས།ཞིང་འབྲོག་ཁུལ་གྱི་ཁང་སའི་ཞིབ་མཆན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་གསར་འཕར་ཁང་སའི་དགོས་མཁོ་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས།ཧུར་ཐག་གིས་རྫོང་ཁོངས་ནང་བེད་མེད་དུ་བཞག་པའི་ཁང་ས་གང་འགབ་ཅི་སྤྱོད་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ནས་ཁང་སའི་འགྱུར་མེད་རང་བཞིན་གྱི་དགོས་མཁོ་རིམ་བཞིན་སེལ་དགོས།
༡༥ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་ཁ་གསབ་དགོས།ས་གནས་ཁག་གི་དོན་དངོས་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཀུན་ཕན་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་གྱི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་གྱི་ཚོད་ལྟ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བཟོ་འགོད་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་གློག་དྲ་སྲ་བརྟན་དང་རིམ་སྤོར་བཟོ་འགོད་ལ་མགྱོགས་སུ་སྐུལ་འདེད་གཏོང་བ་དང་གློག་སྐྱེལ་གློག་སྒྱུར་གྱི་བཟོ་འགོད་འཛུགས་སྐྲུན་གཙོ་གནད་ལ་ལག་བསྟར་བྱས་ཏེ་ནང་ཆན་རྫོང་གི་སྡོམ་པ་དང་།ཀ་གཞུང་།སྤྱི་ཆུ།སྤྱི་ཉིན་སྲིབ་བཅས་ཤང4ཡི་གློག་དྲ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གློག་དྲ་ཆེ་གྲས་མ་ཁེབས་པའི་ལྷག་མ་ཤང4ལ་གློག་དྲ་ཆུང་གྲས་ཀྱི་གློག་མཁོ་འདོན་བཟོ་འགོདམགྱོགས་སུ་འཛུགས་སྐྲུན་བྱེད་པ་མགྱོགས་སུ་གཏོང་དགོས། “བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་འབྲོག་ཁུལ་གྱི་གཞུང་ལམ་དང་ཟམ་པའི་བདེ་འཇགས་ཀྱི“ཉེན་སེལ”བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ་ཞིང་འབྲོག་ཁུལ་གྱི་གཞུང་ལམ་གྱི་གཙོ་གནད་ལམ་བུ་ལ་བདེ་འཇགས་འགོག་སྲུང་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ།གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཉེན་ཡོད་ཁང་པ་དང་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་མུ་མཐུད་ལག་བསྟར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིང་འབྲོག་ཁུལ་གྱི་ཁང་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་དགོས།ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི4ཡི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱེད་པ། གྲངས་གཞིའཅན་གྱི་་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རབས་ལྔ་པའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ(5G)དང་སྟོང་གི་དྲ་བ་སོགས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ་དྲ་རྒྱའི་ཁེབས་ཚད་མཐོ་རུ་གཏོང་བ་དང་བློ་གྲོས་ཤེས་དཔལ་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་དགོས།
༡༦ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་རིགས་དབྱེ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་ཁོངས་ཡོངས་སུ་རྒྱུན་རྣམ་ཅན་གྱི་སྒོ་ནས“གཙང་གསུམ་དང་བཅོས་སྒྲིག་གསུམ།ཟང་ཟིང་དྲུག”གི་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་འབྲོག་ཁུལ་དུ“ས་ཁོངས་ཡོངས་སུ་གད་སྙིགས་མེད་པ”དང“འགྱིག་སྙིགས་ཉུང་དུ་གཏོང་བའི”བྱ་སྤྱོད་སྤེལ། ད་ཡོད་ཀྱི་ཞིང་འབྲོག་ཁུལ་གྱི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་མགྱོགས་སུ་བཏང་ནས་ཁག་བགོས་དང་།ཉུང་འཕྲི།གསོག་ཉར་བཅས་ཀྱི་ནུས་པ་གཞི་གཅིག་ཏུ་ལྡན་པའི་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་བྱས་ནས་ཞང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་དགོས་ངེས་ཀྱི་ཞང་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།དཀྱུས་མའི་མཐོ་འབྲིང་སློབ་གྲྭ་ཁག་གཅིག་གསར་སྐྲུན་དང་རྒྱས་སྐྲུན་བྱས་ནས་རྫོང་ཁོངས་ཀྱི་དཀྱུས་མའི་མཐོ་འབྲིང་སློབ་གཉེར་ཐོན་ཁུངས་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།མཚོ་སྔོན་འབྲོག་ཁུལ་གྱིས་ཞིང་ཆེན་ནང་ཁུལ་གྱི་ཤར་རྒྱུད་ས་ཁུལ་དུ་སློབ་གྲྭ་གཉེར་བར་རྒྱབ་སྐྱོར་བྱ་དགོས།ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང50གསར་སྣོན་བྱས་ནས་ཞབས་ཞུའི་ནུས་པའི་ཚད་གཞིར་སླེབས་པར་བྱ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཡུལ་བབ་དང་བསྟུན་ནས་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་།ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཟས་དང་ཉིན་མོའི་བྱེད་སྒོ་སྤེལ་བའི་ནུས་པ་ལྡན་པའི་གྲོང་ཚོ་རིམ་པའི་རོགས་རེས་རྒན་གསོའི་ས་ཚིགས་འཛུགས་པར་བསྔགས་སྐུལ་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ“མང་འཇལ་མང་ཐོབ་དང་།ཡུན་རིང་འཇལ་བ་མང་ཐོབ”ཀྱི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རྫོང་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྣའི་ཆེད་ལས་ལག་རྩལ་གསོ་སྦྱོང་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།གཅན་གཟན་གྱིས་འབུ་ཕྲ་འགོག་པའི་སྨན་སྤྱོད་ཚད་ཉུང་འཕྲི་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།རྒྱུན་རྣམ་ཅན་གྱིས་ཁ་སུག་རིམས་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་དགོས།རེས་སྐོར་གསར་པའི་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་ཁྱིམ་གྱི་ཁྱིའི་འབུ་གསོད་པའི་ལས་དོན་སྤེལ་བ།བྱིས་པའི་བཅུད་ལྡན་ལེགས་བཅོས་འཆར་གཞི་དང་བུད་མེད་ཀྱི་མངལ་སྐེ་འབྲས་སྐྲན།ནུ་མའི་འབྲས་སྐྲན་བརྟག་དཔྱད་རྣམ་གྲངས་ལག་བསྟར་བྱ་དགོས།
༡༧ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།ཞིང་འབྲོག་ཁུལ་གྱི་གད་སྙིགས་འབྱུང་རྩ་ནས་རིགས་དབྱེ་ཉུང་གཏོང་དང་།ཐོན་ཁུངས་ཅན་དུ་བེད་སྤྱོད།གནོད་མེད་ཅན་དུ་གཙང་སེལ་བཅས་བྱེད་པའི་མ་ལག་འཛུགས་སྐྲུན་གང་མགྱོགས་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཞིབ་ཚགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།ལྗང་མདོག་འཛད་སྤྱོད་དར་སྤེལ་བཏང་ནས་སྣོད་བཅུད་ཤེས་དཔལ་གྱི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་བྱས་ནས་ལྗང་མདོག་འདེབས་གསོ་དང་རེས་འཁོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འདེབས་འཛུགས་གསོ་ཚགས་ཀྱི་སྦགས་བཙོག་ལྷུ་ཚིགས་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས།རྫས་ལུད་ཞིང་སྨན་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་།ཞིང་སྤྱོད་ས་ཞིང་གི་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་སྦགས་བཙོག་ཐེབས་པའི་རྨོ་ཞིང་ཉེན་མེད་ངང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་མཚམས་དབྱེ་ནས་ཕྱུགས་འཚོ་རེས་མོས་དང་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་སྒྲིག་བཀོད་འབྲོག་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།གཙོ་གནད་ས་ཁུལ་དང་གཙོ་གནད་འབབ་རྒྱུད་ལ་དམིགས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དང་དོ་དམ་ཚོད་འཛིན་ལ་རིགས་དབྱེ་དང་སྐས་རིམ་བཞིན་སྐུལ་འདེད་གཏོང་བ།ཞིང་འབྲོག་ཁུལ་གྱི་ཆུའི་དྲི་ངན་འགུལ་རྣམ་ཅན་གྱིས་གྲལ་བཤེར་དང་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་གཏོང་དགོས། སྐྱེ་ལྡན་འཚོ་བའི་གད་སྙིགས་དང་།ལུད་བཙོག ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་སྐྱེ་ལྡན་བེད་མེད་དངོས་རྫས་ཐོན་ཁུངས་ཅན་དུ་བསྒྱུར་ནས་ཐག་གཅོད་དང་བེད་སྤྱོད་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།རྫོང་ཧྲིལ་པོར་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་བཙོག་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་བྱེད་པའི་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས།འབྲི་ཆུ་དང་།རྨ་ཆུ།མཚོ་སྔོན་པོ་བཅས་ཀྱིས་མཚོ་བཀག་ནས་ཉ་འཛིན་མི་ཆོག་པའི་དོ་དམ་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྡེ་ཁག་མཉམ་འབྲེལ་ཐོག་ཁྲིམས་བསྟར་རྡུང་རྡེག་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ས་ཆུ་ཤོར་ཚུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།ཆུ་གློག་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་ཆུ་བོ་དང་མཚེའུ་ཡི་སྣོད་བཅུད་རྒྱུག་ཚད་ལ་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་བོ་དང་མཚེའུ་ཡི“ཟང་ཟིང་བཞི་གཙང་སེལ་བྱེད་པ”་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་གཏོད་དགོས། འོད་ཤུགས་གློག་འདོན་གྱི་ཁེ་ལས་དང་ཐང་སྟོང་དུ་འགྱུར་བར་བཅོས་སྐྱོང་བྱེད་པ་ནང་དུ་་ཞུགས་པའི་མ་དཔེ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས“རྩྭ་འོད་གསབ་རེས”མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། “བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཟོ་འགོད་ལ་བརྟེན་ནས་ཞིང་ཁའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་གཞི་གཅིག་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་ཡོང་བ་སྔོན་འགོག་བྱེད་དགོས།
༡༨གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་གཅིག་གྱུར་འཆར་འགོད་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་སླར་གསོ།བྱེད་ནུས་འཐུས་ཚང་བཅས་ཀྱི་བཟོ་འགོད་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས།རྫོང་ཁོངས་དེ་གཞི་རྩའི་ཚན་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་རྒྱུག་དང་འདྲ་མཉམ་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ་རྫོང་དང་ཞང་།གྲོང་གསེབ་ཀྱི་ནུས་པ་སྦྲེལ་མཐུད་དང་ཕན་ཚུན་གསབ་རེས་བྱེད་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་།རྫོང་ཁོངས་ཐོན་ལས་ཀྱི་ཆ་འགྲིག་སྒྲིག་བཀོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་།གྲོང་ཁྱེར་དོ་དམ་གྱི་སྤྱི་སྤྱོད་སྒྲིག་བཀོད་རིམ་སྤར་བྱེད་པ།སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་དམིགས་ཚད་རྒྱ་སྐྱེད་གཏོང་བ།ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤར་བྱེད་ནུས་ཆེ་རུ་གཏོང་བ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།ཡུལ་བབ་དང་བསྟུན་ནས་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་བཏང་སྟེ་རྫོང་ལྟེ་བར་བྱེད་པ་དང་གྲོང་རྡལ་ཆུང་གྲས་མཚམས་ཚིགས་སུ་བྱས་པའི་རྫོང་ཁོངས་དཔལ་འབྱོར་མ་ལག་འཛུགས་དགོས།ཞིང་འབྲོག་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་པའི་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་སྡོད་ཁང་འགན་སྲུང་གི་ཁྱབ་ཁོངས་ནང་འཇུག་དགོས།
༡༩“12·18”ས་ཡོམ་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ལེགས་པར་བསྒྲུབ་དགོས།འཆར་འགོད་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བསྐྱར་སྐྲུན་འཆར་འགོད་དང་ལག་བསྟར་ཇུས་གཞི་བཟོ་བ། “ཁེབས་པ་གསུམ་དང་གནད་ལ་འཁེལ་བ་བཅུའི”གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་གནོད་འཚེ་ཕོག་པའི་རྐྱེན་གྱིས་དབུལ་པོར་བསྐྱར་ལོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་བརྟན་པོ་སྲུང་དགོས། ཞིང་པའི་སྡོད་ཁང་བསྐྱར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་དགོས།ཞིང་ལས་རྒྱུ་ཆ་སྣ་ཚོགས་གཏོང་འདྲེན་བྱ་རྒྱུར་དམ་འཛིན་བྱས་ཏེ་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས།གེགས་ཁུལ་གྱི་འགྲོ་ལམ། ཆུ་དང་གློག་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།ཞིང་ཁ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་ཞབས་ཞུའི་མ་ལག་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དམ་འཛིན་བྱ་དགོས། གནོད་འཚེ་ཕོག་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།གནོད་འཚེ་ཕོག་ཁུལ་གྱི་ཞིང་པའི་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གནོད་འཚེ་ཕོག་ཁུལ་གྱི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས།རྒུད་གསབ་ལས་སྤྲོད་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནང་ཞུགས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་དགོས།གྲོང་གསེབ་དར་སྤེལ་གཏོང་བའི་སྦྲེལ་མཐུད་མ་དངུལ་གྱིས་གནོད་འཚེ་ཕོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་པ་དང་།གནོད་འཚེ་ཕོག་ཁུལ་གྱི་གྲོང་གསེབ་ཐོན་ལས་སླར་གསོ་དང་རིམ་སྤར་གང་མགྱོགས་ཡོང་བར་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆ་རྐྱེན་དང་།རྨང་གཞིའི་སྒྲིག་བཀོད་འགན་སྲུང་།སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བཅས་གནོད་འཚེ་མ་བྱུང་གོང་གི་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་བར་འགན་ལེན་ཏན་ཏིག་བྱ་དགོས།
ལྔ།གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
༢༠ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ་རྫོང་རིམ་པའི་ཏང་ཨུད་ཀྱིས་ཤང་ལ་དམ་འཛིན་དང་གྲོང་ཚོར་སྐུལ་འདེད་གཏོང་བའི་འགན་འཁྲི་ཆེ་རུ་གཏོང་བ་དང་།རྫོང་།ཤང་དང་གྲོང་ཚོ་བཅས་རིམ་པ་གསུམ་མཉམ་འགུལ་གྱིས་སྔོན་ཐོན་བརྩོན་ལེན་དང་རྗེས་ལུས་བཅོས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་འགོ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་དང་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱས་ནས་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་གཏོང་བ།ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་ཚོ་རིམ་པའི་དོན་དག་གྲོས་མོལ་གྱི་དཀར་ཆག་ལམ་ལུགས་ཁྱབ་གདལ་གཏོང་དགོས།ཆེ་འབྲིང་ཆེད་སྦྱོང་སློབ་གྲྭ་ནས་སློབ་ཐོན་སློབ་མ་དང་།ས་ཆ་གཞན་ནས་བྱ་གཞག་གསར་གཏོད་བྱས་ཏེ་ཕ་ཡུལ་དུ་ལོག་པའི་མི་སྣ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི།ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱི་ཁྲོད་ནས་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་།བསམ་བློ་དང་མཐོང་རྒྱ་ཆེ་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་པར་འདེམས་སྒྲུག་དང་གསོ་སྐྱོང་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ།གྲོང་གསེབ་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་དང་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས།གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་འདེམས་གཏོང་དོ་དམ་ལེགས་སུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་སྒྲིག་ཁྲིམས་སྔར་ལས་ལྷག་པ་་བསྡུ་སྒྲིལ་བྱས་ཏེ་གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས།གོང་རིམ་སྡེ་ཁག་གི་གཞི་རིམ་དང་འབྲེལ་བའི་ལས་དོན་ཞུགས་འཐུས་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་།གཞི་རིམ་གྱི་འགན་འཁྲིའི་གསལ་ཐོ་དང་ལས་དོན་གསལ་ཐོ་འཐུས་ཚང་དུ་གཏོང་དགོས།ཞི་མཐུན་དང་མཛེས་སྡུག ཤེས་དཔལ། འབྱོར་ཕྱུག་བཅས་མཚོན་རྟགས་སུ་བྱས་པའི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ100བཏོད་དགོས།
༢༡གྲོང་གསེབ་ཀྱི་རིག་གནས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།རྨོ་འདེབས་རྩྭ་ཐང་གི་ཤེས་དཔལ་དང་དེང་རབས་ཤེས་དཔལ་གྱི་རྒྱུ་རྐྱེན་གཙོ་བོ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཤེས་དཔལ་ལྡན་པའི་ཁྱིམ་ཚང་དང“སྐར་ལྔ་རིམ་པའི་ཤེས་དཔལ་དུད་ཚང”ཁག་གཅིག་བཏོད་དེ་ཁྱིམ་སྲོལ་བཟང་པོ་དང་གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་སྐྱེད་སྲིང་བྱེད་དགོས།རིག་རྩལ་གཞི་རིམ་དུ་སྐྱོད་པ་དང“ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་གཏིང་ཟབ་སྤེལ་ནས་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ལས་བརྩོན་ཕྱུག་འགྱུར་དང་།དཔའ་ངར་ཆེར་སྐྱེད།དྲིན་ཚོར་ཡར་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱ་དགོས། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”“མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ནས་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ཚད།ཡིད་དབང་འགུག་ཤུགས་མཐོ་རུ་གཏོང་དགོས།ཐེངས་དྲུག་པའི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ཡིག་ཐོག་སྙན་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས།སྲོལ་རྒྱུན་གྲོང་སྡེའི་གཅིག་བསྡུས་ཡུག་འབྲེལ་གྱི་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།གྲོང་གསེབ་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་སྤྱད་དེ་དུས་ཆེན་གལ་ཆེན་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་རིག་གནས་བྱེད་སྒོའི་སྤུས་རྟགས་གཏོད་དགོས།
༢༢སྲོལ་རྙིང་བཅོས་བསྒྱུར་གྱིས་ཡ་རབས་ཚུལ་ལྡན་གྱི་ཡུལ་སྲོལ་གསོ་སྐྱོང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།བཀག་འགོག་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ་གྲོང་སྲོལ་དམངས་ཆིངས་ཀྱི་ལྕག་སྐུལ་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྲོལ་རྙིང་བཅོས་བསྒྱུར་སྐུལ་འདེད་བཏང་ནས་ཚད་མཐོའི་གཉེན་རྟེན་དང་རྒྱས་སྤྲོས་རྒྱས་གཤོམ་སོགས་ཀྱི་སྣང་ཚུལ་རྒྱུན་མཐུད་ངང་ཡོ་བསྲང་བྱེད་དགོས།གཉེན་སྒྲིག་གི་བྱ་བ་གསར་པ་སྒྲུབ་པ་དང་འདས་དོན་སྟབས་བདེ་སྒྲུབ་པ་སོགས་ཀྱི་སྲོལ་གསར་དར་སྤེལ་གཏོང་དགོས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཁས་ལེན་དང་ཁས་ལེན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།རྒན་བཀུར་དང་གཤིན་པོ་དུར་འཇུག་སོགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ནས་སྲོལ་བཟང་ལྡན་པ་དང་ཤེས་དཔལ་ལ་སྣང་ཆེན་བྱེད་པ། སྲོལ་རྙིང་བཅོས་བསྒྱུར་སྣེ་ཁྲིད་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་འཛུགས་དགོས།ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐར་གསོག་ལམ་ལུགས་དང་གཙང་རྩིས་ལམ་ལུགས་ལག་བསྟར་བྱེད་རྒྱ་ཆེ་རུ་བཏང་སྟེ་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།
༢༣བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་གཏིང་ཟབ་བྱ་དགོས།དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བླང་བྱར་དམིགས་ཏེ་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་།གྲལ་བཤེར་སྔོན་བརྡ་གཏོང་བ།སྣ་མང་འདུམ་འགྲིག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གནད་དོན་དེ་གཞི་རིམ་དང་ས་གནས་དེ་གར་ཐག་གཅོད་ཏན་ཏིག་བྱ་དགོས།“གྲོང་ཚོའི་བཙན་དབང”ལ་རྒྱུན་མཐུད་དོགས་ཟོན་དང་བཅོས་སྒྲིག་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་ནག་ཚོགས་སྟོབས་ཤུགས་དང་དེའི“སྲུང་གདུགས”ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རྒྱན་འགྱེད་བཅོས་སྒྲིག་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་དྲིལ་བསྒྲགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས།ཞིང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དང་།སོལ་རླངས།མེ་གསོད།ཉ་གྲུ།གཉེར་སྐྱོང་རང་བཞིན་གྱི་རང་སྡོད་ཁང་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་འགག་སྒྲོལ་བྱ་དགོས།ཞིང་འབྲོག་ཁུལ་གྱི་གེགས་འགོག་གེགས་སེལ་དང་འཕྲལ་སྡོམ་དོ་དམ་ཆ་འཕྲིན་ཅན།སྤྱི་པའི་ཞབས་ཞུའི་མེ་ཟོན་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ།རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།“བཅའ་ཁྲིམས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་དགོས།
དྲུགཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།
༢༤ཏང་གིས་ཞིང་འབྲོག་ཁུལ་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་དགོས།ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ“གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས”ལག་བསྟར་དོན་འཁྱོལ་བྱེད་པ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རིམ་པ་ལྔ་པའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲི་དམ་འཛིན་ནན་པོ་བྱེད་དགོས།ཏང་ཨུད་ཀྱིས་ཞིང་འབྲོག་ཁུལ་གྱི་ལས་ཀའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་འགན་འཁྲི་ཆེ་རུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་།“གཞི་རིམ་དུ་སྐྱོད་པ་བཞི”རྒྱུན་མཐུད་ངང་སྤེལ་བ་དང་།བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ།གྲུབ་འབྲས་དངོས་དང་ཕན་འབྲས་དངོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ།ཞིང་ལས་དང་འབྲེལ་བ་ཡོད་པའི་ལྟ་ཞིབ་ཞིབ་བཤེར་དང་དཔྱད་ཞིབ་སྣ་ཚོགས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཕྱི་ཚུལ་རིང་ལུགས་སྣ་ཚོགས་ཡོ་བསྲང་བྱེད་པ།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། དམངས་དུབ་རྒྱུ་ཟད་ཀྱི“ངོ་སྲུང་བཟོ་འགོད”དང་“གཟུགས་བརྙན་བཟོ་འགོད”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་རྫོང་དང་དཔེ་སྟོན་ཞང་།དཔེ་སྟོན་གྲོང་རྡལ།དཔེ་སྟོན་གྲོང་ཚོ་བཅས་གསར་འཛུགས་བྱེད་འགོ་ཚུགས་པ།དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས།
༢༥ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏོང་དགོས།རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ30ལ་ནར་འགྱངས་བྱེད་པའི་ཚོད་ལྟ་ཏན་ཏིག་བྱ་དགོས།ཞིང་འབྲོག་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་རང་མོས་རིན་དོད་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ས་ཞིང་འཁོར་རྒྱུག་གི་རིན་གོང་ཚད་ལྡན་བཟོ་རྒྱུར་ཁྲིད་སྟོན་བྱེད་དགོས།ཞིང་འབྲོག་ཁུལ་གྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་དམངས་གཙོའི་ཇུས་ཐག་གཅོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་དང་།ཞིང་ལས་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས།ས་རྒོད་གསར་སྦོལ་བསྒྱུར་བཅོས།མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་བསྒྱུར་བཅོས་བཅས་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས།
༢༦གྲོང་གསེབ་དར་སྤེལ་གཏོང་བའི་སྣ་མང་ཅན་གྱི་མ་དངུལ་འཇོག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བྱས་ནས་སྔོན་ལ་འགན་ལེན་བྱེད་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་གསར་གཏོད་བྱས་ནས་མ་འཇོག་དེ་གྲོང་གསེབ་དར་སྤེལ་གཏོང་བའི་དམིགས་ཚད་ལས་འགན་དང་འཚམ་པའི་འགན་ལེན་བྱེད་དགོས།ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས།ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སོགས་ཀྱི་སྲིད་ཇུས་ཚད་ལྡན་དང་བེད་སྤྱོད་ཡག་པོ་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བཟོ་འགོད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་ཞིང་འབྲེལ་དངུལ་བུན་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱེད་པ་དང་དངུལ་རྩས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།ཞིང་ཚོང་དངུལ་ཁང་བསྒྱུར་བཅོས་བྱེད་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཐབས་ལམ་མང་པོར་བརྟེན་ནས་མ་རྩ་ཁ་གསབ་བྱེད་པ།ཞིང་ཆེན་མཉམ་འབྲེལ་ཁང་དང་གྲོང་རྡལ་དངུལ་ཁང་བསྒྱུར་བཅོས་ཉེན་མེད་ཅན་དུ་འགྱུར་བའི་ལས་ཀར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱ་དགོས།ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས་དང་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་སོགས་མཉམ་ལས་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྡེ་ཁག་གིས་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་བཏང་ནས་མཚོ་སྔོན་གྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཞིང་ཁུར་ལས་སྒོའི་ཁྱད་ཆོས་དང་མཐུན་པའི་འདྲ་བཟོ་བྱེད་ཆོག་པ།ཁྱབ་གདལ་གཏོང་ཆོག་པའི་ཁག་ཐེག་ཐོན་རྫས་ཁག་གཅིག་ཇུས་འགོད་དང་གསར་སྤེལ་བྱེད་དགོས།ཁྱབ་རྒྱ་ཆེ་རུ་གཏོང་བ་དང་།ཐོན་རྫས་འཕར་སྣོན།དམིགས་ཚད་མཐོ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འགན་བཅོལ་རིགས་གསར་པ་གསར་སྤེལ་བྱེད་དགོས།སྤྱི་ཚོགས་ཀྱི་མ་རྩ་དང་སྲིད་གཞུང་།དངུལ་རྩའི་སྡེ་ཁག་གིས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དེང་རབས་སྒྲིག་བཀོད་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུར་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩའི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཕར་བའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས།ཞིང་འབྲེལ་མ་དངུལ་གྱི་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་ཧམ་ལེན་དང་གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
༢༧གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་དགོས།གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་དང་།གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།རང་ཡུལ་གྱི་སློབ་ཆེན་སློབ་ཐོན་སློབ་མ་དང་།ཕྱི་ཕྱོགས་སུ་ལས་ཀ་དང་ཚོང་གཉེར་བྱེད་པའི་མི་སྣ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་སྔར་ལས་མང་བ་ཕ་ཡུལ་དུ་ལོག་ནས་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་པར་ཁྲིད་སྟོན་བྱ་དགོས།གྲོང་གསེབ་ཀྱི་ལག་ཤེས་པ“བརྒྱ་གཉིས་སྟོང་གཉིས”གསོ་སྐྱོང་བཟོ་འགོད་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་གོ་མིང་ཆེད་དོན་ཞིབ་དཔྱད་དང་གཞི་རིམ་གྱི“ཁ་ཕྱོགས་གཏན་འཁེལ་གཉིས”ཀྱི་གོ་མིང་ཞིབ་དཔྱད་བྱེད་པ། ཞིང་ནགས་ཆུ་བེད་སོགས་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ནས་ཞིང་ལས་རིག་པའི་ཆེད་ལས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི།ཞིང་འབྲོག་ཁུལ་གྱི་མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་རིན་མེད་ངང་གསོ་སྐྱོང་དང་ལས་རོགས་མཁོ་ཆོད་སྨན་པ་གསོ་སྦྱོང་བྱེད་པར་ལག་ལེན་གཏིང་ཟབ་བསྟར་དགོས། སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་ཀྱི་སྨན་པའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ནས།གྲོང་གསེབ་ཀྱི་སྨན་པ་འཕེལ་རྒྱས་གཏོང་ཡུལ་རྒྱ་སྐྱེད་གཏོང་བ།ཆ་རྐྱེན་འདྲ་མཚུངས་འོག་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་ལས་གཉེར(ལས་རོགས)སྨན་པའི་ཐོབ་ཐང་ཐོབ་པའི་སློབ་ཆེན་སློབ་མ་དམིགས་བསལ་གྱིས་སྔོན་ལ་གདན་ཞུས་བཀོལ་སྤྱོད་བྱས་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ལས་ཀ་བྱེད་དུ་འཇུག་དགོས།ཚན་རྩལ་གླིང་ཆུང་གི་རྣམ་པ་ཁྱབ་གདལ་བཏང་ནས་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་སྟོབས་ཆེར་འཛུགས་སྟེ་ཚན་ཞིབ་སློབ་གླིང་དང་མཐོ་རིམ་སློབ་གྲྭ་ནས་ཚན་རྩལ་ཆེད་མངགས་པས“ཞིང་གསུམ”བྱ་བར་ཞབས་འདེགས་བྱས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
审 核丨巴德扎西
编 辑丨尼玛旦周
来 源丨玉树农牧
服务应用
学習玉树
新时代文明实践
融媒体资讯
书记市长信箱
往期回顾