根据《玉树州打造“国际生态旅游目的地首选区”三年行动方案》要求,为促进文化旅游产业高质量发展,推动我市文化旅游体育产业转型升级,经玉树市人民政府批准,于2023年7月正式成立市属国有独资企业玉树市文化旅游体育投资有限公司(以下简称公司)。
识别二维码获取
༢༠༢༤ལོར་ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་གིས་
སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྤྱི་བསྒྲགས་ཀྱིས་ཡུསཧྲུའུ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཚོགས་པའི་
འཁྲབ་སྟོན་མི་སྣ་བསྡུ་རུག་གི་སྤྱི་བསྒྲགས།
ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཐོག་མའི་འདེམ་ཁུལ་གཏོད་པའི་ལོ་གསུམ་གྱི་བསྒྲུབ་ཐབས་ཀྱི་དགོས་འདུན་ལྟར། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་ཞིང་། རང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་ཆེད། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་སྟེ། ༢༠༢༣་ལོའི་ཟླ༧པར་ ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་༼གཤམ་ནས་སྤྱི་གཉེར་ཁང་ཞེས་བསྡུས། ༽དངོས་སུ་བཙུགས་ཤིང་། གྲོང་ཁྱེར་གྱི་རྒྱལ་དབང་མ་རྩ་ཁེར་འཇོག་ཁེ་ལས་སུ་གཏོགས།
དུས་རབས་གསར་པའི་རིག་གནས་སྒྱུ་རྩལ་དར་རྒྱས་མདུན་དུ་སྤེལ་བ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཆེད། སྤྱི་གཉེར་ཁང་གིས་སྲིད་གཞུང་གི་སྣེ་ཁྲིད་ལྟར་ཚོང་ར་ཅན་གྱི་འཁོར་སྐྱོད་ཀྱི་འཕེལ་རྒྱས་ཐབས་ལམ་ཇི་བཞིན། ད་ཆ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣ་༤༠ཐམ་པ་བསྡུ་རུག་བྱེད་རྒྱུ་ཡིན་ཞིང་། འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་ཀྱི་ནང་དོན་གཤམ་གསལ་ལྟར།
དང་པོ། བསྡུ་རུག་གི་རྩ་དོན་དང་དགོས་འདུན།
༼གཅིག།༽ གོ་རིམ་སྤྱི་བསྒྲགས་དང་། རང་མོས་ཐོ་འགོད། འགྲན་རྩོད་དྲང་གཞག། ཚད་གཞི་རྒྱུན་འཁྱོངས། བཟང་འདེམ་བསྡུ་རུག་བཅས་ཀྱི་རྩ་དོན་ལྟར་བསྒྲུབ་རྒྱུ།
༼ གཉིས།༽ ཡོངས་གྲགས་ཀྱིས་བསྡུ་རུག་གི་ལས་ཀ་ནི། བསྡུ་རུག་གི་ཆ་འཕྲིན་ཁྱབ་བསྒྲགས་དང་། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཆེད་ལས་རྒྱུགས་ལེན། ཁྱབ་བསྒྲགས། བསྡུ་རུག་གི་བེད་སྤྱོད་ཀྱི་གན་རྒྱ་འཇོག་པ་སོགས་ཀྱི་གོ་རིམ་ལྟར་ བསྒྲུབ་རྒྱུ།
༼གསུམ།༽ ཆེད་ལས་རྒྱུགས་ལེན་སྐར་གྲངས་༨༠ཡན་མི་ལོན་མཁན་བསྡུ་ལེན་མི་བྱེད་པ་དང་། ལས་གནས་ཀྱི་མི་གྲངས་དེ་རྒྱུགས་འབྲས་ཀྱི་བསྡོམས་སྐར་ལྟར་སྐར་གྲངས་མཐོ་བ་ནས་དམའ་བའི་བར་རིམ་བཞིན་བསྒྲིག་རྒྱུ།
གཉིས་པ། བསྡུ་རུག་གི་ལས་གནས་དང་ཁྱབ་ཁོངས།
ས་གནས་ཀྱི་ཕུལ་བྱུང་སྒྱུ་རྩལ་ཤེས་ལྡན་མི་སྣ་༤༠ཐམ་པ་སྤྱི་བསྒྲགས་ངང་བསྡུ་རུག་བྱེད་རྒྱུ་ཡིན། དེའི་ནང་ཞབས་བྲོ་འཁྲབ་སྟོན་པ་༣༢ ༼སྐྱེས་པ་༡༦དང་བུད་མེད་༡༦ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁྱིམ་ཐོ་ཅན་༽ དང་། གླུ་དབྱངས་ལེན་མཁན་༼བུད་མེད༤དང་སྐྱེས་པ༤ཡུས་ཧྲུའུ་ཁུལ་གྱི་ཁྱིམ་ཐོ་ཅན་༽བསྡུ་རྒྱུ་ཡིན་ཞིང་། གལ་སྲིད་སྒྲ་སྙན་དང་། གླིང་བུ། རྒྱུད་མངས་རིགས་སོགས་ཀྱི་རོལ་ཆའི་བེད་སྤྱོད་ལ་བྱང་ཆུབ་པ་དང་། རྩོམ་སྒྲིག་གསར་གཏོད་བྱེད་ནུས་ངེས་ཅན་ལྡན་ན་སྔོན་ལ་བསམ་གཞིགས་བྱེད་རྒྱུ་ཡིན།
གསུམ་པ། བསྡུ་རུག་གི་ཆ་རྐྱེན།
༼ གཅིག།༽གཞི་རྩའི་ཆ་རྐྱེན།
༡. ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། སྒྲིག་ཁྲིམས་བརྩི་སྲུང་། སྤྱོད་ལམ་ཡང་དག་པ་བཅས་ཡིན་དགོས།
༢.ལས་གཅེས་ལས་བཀུར་དང་། བཀོད་སྒྲིག་ལ་བརྩི་སྲུང་། ལས་གྲོགས་ལ་མཐུན་སྒྲིལ་ཡོད་པ་བཅས་ཡིན་དགོས།
༣.ལུས་ཁམས་བདེ་ཐང་ཡིན་པ་དང་། ལུས་ལ་རི་མོ་བརྐོས་མེད་པ། ངན་གཤིས་མེད་པ་བཅས་ཡིན་དགོས།
༤.བསྡུ་རུག་གི་ལས་གནས་ལ་མཁོ་བའི་ཐོབ་ཐང་དང་ཆ་རྐྱེན་འཛོམས་མཁན་ཡིན་དགོས།
གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་མཁན་ལ་ཐོ་འགོད་རྒྱུགས་སྤྲོད་ཀྱི་ཐོབ་ཐང་མེད་པ་སྟེ།
༡.བྱས་ཉེས་བསགས་པའི་རྐྱེན་གྱིས་ཉེས་དོན་གྱི་ཆད་པ་ཕོག་མྱོང་མཁན།
༢.གྱོད་དོན་ཐོ་འགོད་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་མཁན།
༣.ཁྲིམས་ལྟར་ཁ་དན་ཚིག་ལ་མ་གནས་པར་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་བཅུག་ཡོད་མཁན།
༤.བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཞིན་རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱིས་བསྡུ་རུག་བཀོལ་སྤྱོད་བྱེད་མི་འོས་པའི་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་ཡོད་མཁན་བཅས་ཡིན།
༼ གཉིས།༽ལས་གནས་ཀྱི་ཆ་རྐྱེན།
༡.སློབ་གཉེར་བརྒྱུད་རིམ་གྱི་དགོས་འདུན། མཐོ་འབྲིང་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཅན།
༢.ལོ་ཚད་ཀྱི་དགོས་འདུན། ཞབས་བྲོ་འཁྲབ་སྟོན་པའི་ལོ་ཚད་དེ་བུད་མེད་ཀྱི་ལོ་ཚད་༡༨ནས་༢༥བར་དང་། སྐྱེས་པ་ཡི་ལོ་ཚད་༡༨ནས་༣༠བར། རོལ་ཚོགས་དང་གླུ་པའི་ལོ་ཚད་༤༠མན་ཆད་ཡིན་དགོས།
༣.གཟུགས་པོའི་རིང་ཚད་དང་ལྗིད་ཚད་ཀྱི་དགོས་འདུན།
སྐྱེས་པ་ཞབས་བྲོ་འཁྲབ་སྟོན་པའི་གཟུགས་པོའི་རིང་ཚད་ལ་སྨི་༡.༧༥ཡན་ཟིན་པ་དང་། ༼ དེའི་ནང་སྨི་༡.༧༥ཚུད་ཡོད།༽ བུད་མེད་ཞབས་བྲོ་འཁྲབ་སྟོན་པའི་གཟུགས་པོའི་རིང་ཚད་སྨི་༡.༦༥ནས་སྨི༡.༧༥་བར་ཡོད་དགོས་ཤིང་། ༼དེའི་ནང་སྨི་༡.༦༥ཚུད་ཡོད།༽ གླུ་པ་དང་རོལ་ཚོགས་ཀྱི་འཁྲབ་སྟོན་མི་སྣའི་གཟུགས་པོའི་རིང་ཚད་ལ་སྐྱེས་པའི་གཟུགས་པོའི་རིང་ཚད་ལ་སྨི་༡.༧༠ཡན་དང་བུད་མེད་ཀྱི་གཟུགས་པོའི་རིང་ཚད་ལ་སྨི༡.༦༠ཡན་ཡོད་དགོས།
ཞབས་བྲོ་འཁྲབ་སྟོན་པའི་སྐྱེས་གཟུགས་ཡག་པ་དང་། ལུས་པོའི་ལྗིད་ཚད་ཚད་དང་ལྡན་པ།༼ དཔེར་ན་བུད་མེད་ཞབས་བྲོ་འཁྲབ་སྟོན་པའི་གཟུགས་པོའི་རིང་ཚད་སྨི༡.༦༥ཡིན་ན། ལུས་པོའི་ལྗིད་ཚད་ཀྱི་ཚད་གཞི་ནི་ཁེ་ཆིག་སྟོང༥༡.༧༥ནས་༦༣.༢༥བར་ཡིན་པ་དང་། སྐྱེས་པ་ཞབས་བྲོ་འཁྲབ་སྟོན་པའི་གཟུགས་པོའི་རིང་ཚད་སྨི༡.༧༥ཡིན་ན། ཚད་ལྡན་གྱི་ལྗིད་ཚད་ནི་ཁེ་ཆིག་སྟོང་༦༦.༥ཡིན། ༽
ཆེད་ལས་སློབ་གླིང་ནས་ཐོན་པའམ་ནུས་པ་འབུར་དུ་ཐོན་མཁན། སྒྱུ་རྩལ་གྱི་ཆུ་ཚད་སྤྱིར་བཏང་ལས་མཐོ་མཁན་ལ་འབྲེལ་ཡོད་ཆ་རྐྱེན་འོས་འཚམ་ངང་ལྷུག་ཏུ་གཏོང་ཆོག།
༤.དགོས་འདུན་གཞན་དག།
༼༡ ༽ཉམས་ཚུགས་ལེགས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གོ་བརྡ་ཡག་པོ་སྤྲོད་ཐུབ་པ། གར་སྟེགས་ཀྱི་མངོན་ཤུགས་ཆེ་བ།
༼༢ ༽ཡུས་ཧྲུའུ་སྒྱུ་རྩལ་པ་རྒན་གྲས་དང་ཞབས་བྲོ་མཁས་ཅན་གྱིས། ལས་རིགས་དེར་དགའ་ཞེན་ཆེ་བ་མ་ཟད་འབྲེལ་ཡོད་ཁྱད་ཆོས་དང་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་ས་གནས་རང་གི་ཕུལ་བྱུང་རིག་རྩལ་ཤེས་ལྡན་མི་སྣ་འོས་སྦྱོར་བྱེད་རྒྱུའི་གྲོས་མགོ་འདོན་རྒྱུ་ཡིན།
བཞི། མིང་ཐོ་འགོད་སྟངས་དང་དུས་ཚོད་སོགས་ཀྱི་དགོས་འདུན་གཞན་དག
༼གཅིག།༽མིང་ཐོ་འགོད་སྟངས།
༡.མིང་ཐོ་འགོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༣ཚེས་༡༢ཉིན་ནས་ཟླ་༣ཚེས་༡༦ཉིན་གྱི་བར།༼སྔ་དྲོའི་ཆུ་ཚོད་༨:༣༠ནས་ཆུ་ཚོད་༡༢བར་དང་། ཕྱི་དྲོའི་ཆུ་ཚོད་༡༤:༣༠ནས་ཕྱི་དྲོའི་ཆུ་ཚོད་༡༨བར་ཡིན།༽
ཐོབ་ཐང་ཞིབ་བཤེར་དུས་ཚོད། ༢༠༢༤ལོའི་ཟླ་༣ཚེས་༡༧ཉིན་ནས་ཟླ་༣ཚེས་༡༨ཉིན་གྱི་བར།
རྒྱུགས་ལེན་པའི་དུས་ཚོད། ༢༠༢༤ལོའི་ཟླ་༣པའི་ཚེས་༡༩ཉིན།
༢.མིང་ཐོ་འགོད་སྐབས་ས་གནས་དངོས་སུ་མིང་ཐོ་འགོད་པའི་བྱ་ཐབས་སྤྱད་དེ་མིང་ཐོ་འགོད་ཡུལ་ནི་ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཚོགས་ཁང་། ༼ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་Aཁང་ཐོག་གསུམ་པ༽
འབྲེལ་གཏུག་བྱེད་ས། ཚེ་རིང་འཇིགས་མེད། ༡༣༣༠༩༧༦༠༥༠༧ ཉི་མ་དར་རྒྱས། ༡༨༡༩༧༤༦༨༢༢༢
༣. མིང་ཐོ་འགོད་པར་མཁོ་འི་རྒྱུ་ཆ། ༡ མིང་ཐོ་འགོད་པའི་རེའུ་མིག། ༼དཔེ་གཅིག་ཚར་གཉིས།༽ ༢ ཐོབ་ཐང་དཔང་ཡིག། ཁྱིམ་ཐོ། སློབ་ཐོན་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆ་རེ་རེ་ཡོད་དགོས། ༣ ཉེ་དུས་ཚུན་གཉིས་ཆུང་བའི་གཞི་གདན་སྔོན་པོ་ཅན་གྱི་ཞྭ་མེད་འདྲ་པར་༤ དགོས། ཐོ་འགོད་རྒྱུགས་སྤྲོད་མཁན་གྱིས་དོན་དངོས་དང་ཡང་དག་གི་སྒེར་མིའི་ཆ་འཕྲིན་དང་། དཔང་རྟགས་དང་ལག་ཁྱེར་སོགས་འབྲེལ་ཡོད་དཔྱད་ཡིག་ངོ་མ་བཅས་ནོར་འཁྲུལ་མེད་པར་ཡིན་དགོས། གལ་ཏེ་མི་བདེན་རྫུན་སྒྲིག་གམ་ཡང་ན་སྣང་མེད་དུ་བཞག་པའི་རྐྱེན་གྱིས་ཡིག་རྒྱུགས་སུ་མེད་པ་བཟོས་པའམ་ཡང་ན་བསྡུ་རུག་མ་ཐུབ་པ་སོགས་ཀྱི་འགན་རང་ཉིད་ཀྱིས་འཁུར་དགོས།
༤.མིང་ཐོ་འགོད་པའི་ལས་དོན་མཇུག་བསྒྲིལ་རྗེས། ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཚོགས་པའི་བསྡུ་རུག་གི་ལས་དོན་མགོ་ཁྲིད་ཚོ་ཆུང་གིས་མིང་ཐོ་འགོད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ་དང་། ཐོབ་ཐང་ཞིབ་བཤེར་བྱས་པ་བརྒྱུད་༢༠༢༤ལོའི་ཟླ་༣ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༥:༠༠ནས་༡༩:༠༠བར་མིང་ཐོ་འགོད་ཡུལ་ཏེ། ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཚོགས་ཁང་༼ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་Aཁང་ཐོག༣པ་༽ ནས་རྒྱུགས་སྤྲོད་འཛིན་ཡིག་ལེན་དགོས།
༼གཉིས་།༽ངོས་རྒྱུགས།
ངོས་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས་ནི་རྒྱུགས་སྤྲོད་འཛིན་ཡིག་ལྟར་ཡིན་ཞིང་། ངོས་རྒྱུགས་ཀྱི་ནང་དོན་ནི།
༼༡ ༽ཞབས་བྲོའི་ལས་གནས།
༡.མི་སྒེར་གྱི་ཐབས་རྩལ་འགྲེམ་སྟོན་ཏེ། རྒྱུགས་སྤྲོད་མཁན་གྱིས་མི་སྒེར་གྱི་ཐབས་རྩལ་འགྲེམ་སྟོན་བྱེད་པ། ༼འགྲེམ་སྟོན་དུས་ཚོད་ལ་སྐར་མ་གཅིག་དང་སྐར་ཆ་སུམ་ཅུ།༽
༢.རང་འདེམ་ཞབས་བྲོའི་འཁྲབ་སྟོན་ཏེ། རྒྱུགས་སྤྲོད་མཁན་གྱིས་སྐར་མ་གསུམ་གྱི་ནང་དུ་རང་འདེམ་ཞབས་བྲོའི་ནང་དོན་གྱི་འཁྲབ་སྟོན་ཞིག་ལེགས་འགྲུབ་བྱུང་དགོས། MP༣ཅན་གྱི་རམ་དཀྲོལ་རང་གིས་འཁྱེར་དགོས།༼འགྲེམ་སྟོན་དུས་ཚོད་ལ་སྐར་མ་གསུམ་ཡིན།༽
༣.སྐབས་བབ་ཞབས་བྲོ་འཁྲབ་སྟོན་ཏེ། རྒྱུགས་སྤྲོད་མཁན་གྱིས་སྐབས་བསྟུན་གྱིས་བླངས་པའི་གཞས་དབྱངས་ཁ་བྱང་ལྟར། ལས་སྒྲུབ་མི་སྣས་ཐེངས་གཅིག་བཏང་རྗེས། རྒྱུགས་སྤྲོད་སློབ་མས་སྐར་མ་གཅིག་གི་རིང་ལ་གྲ་སྒྲིག་བྱས་ཏེ་གཞས་དབྱངས་དང་བསྟུན་ནས་ཞབས་བྲོ་ཞིག་འཁྲབ་སྟོན་བྱེད་དགོས།
༼༢ ༽གླུ་དབྱངས་ལས་གནས།
༡.མི་སྒེར་གྱིས་རྐྱང་གཞས་༢ལེན་དགོས་ཏེ། ངག་རྐྱང་གིས་གཅིག་དང་། དབྱངས་དང་མཉམ་དུ་གཅིག་ལེན་དགོས། ༼སྔར་གྱི་གླུ་དང་དེང་རབས་གླུ་དབྱངས། མི་རིགས་ཀྱི་གླུ་དབྱངས་སོགས་ལེན་སྟངས་གང་རུང་ཆོག།༽
༢. ཐིག་ལྔའི་དབྱངས་ཡིག་ལ་བལྟས་ནས་ལེན་ཐུབ་པ་སྟེ། རྒྱུགས་སྤྲོད་མཁན་གྱིས་སྐབས་བསྟུན་གྱིས་བླངས་པའི་དབྱངས་ཡིག་གི་ཁ་བྱང་ལྟར། སྐར་མ་གཅིག་ལ་གྲ་སྒྲིག་བྱས་རྗེས་ལེན་དགོས།
༣.མི་སྒེར་གྱི་སྒྱུ་རྩལ་འགྲེམས་སྟོན་ཏེ། རོལ་ཆ་དཀྲོལ་བ།
༼ གསུམ།༽ཐོབ་ཐང་ཞིབ་བཤེར།
བསྡུ་རུག་བྱེད་རྩིས་ཡོད་པའི་འོས་མི། གཏན་འབེབས་བྱས་པའི་དུས་ཚོད་ནང་ཐོབ་ཐང་ཞིབ་བཤེར་ནང་ཞུགས་དགོས་ཤིང་། གཏན་འབེབས་བྱས་པའི་དུས་ཚོད་ནང་དུ་ཐོབ་ཐང་ཞིབ་བཤེར་ནང་ཞུགས་མེད་ཚེ་རང་འགུལ་ངང་གོ་སྐབས་དོར་བར་བརྩིས་ནས་བསྡུ་རུག་གི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན། ཐོབ་ཐང་ཞིབ་བཤེར་སོགས་ཀྱིས་རྐྱེན་པས་ལས་གནས་སྟོང་པར་ལུས་ཚེ་རྒྱུགས་སྤྲད་གྲུབ་འབྲས་ལྟར་རིམ་པ་བཞིན་བསྡུ་རུག་བྱེད་རྒྱུ་ཡིན།
༼བཞི།༽གཟུགས་པོར་བརྟག་དཔྱད།
བསྡུ་རུག་གི་འོས་མི་གཏན་འཁེལ་བྱས་རྗེས་གཅིག་གྱུར་གྱིས་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་དང་། གཟུགས་པོར་བརྟག་དཔྱད་བྱེད་པར་མ་ཞུགས་པའམ་ཡང་ན་གཟུགས་པོར་བརྟག་དཔྱད་བྱས་ནས་ཚད་མ་ལོན་ཚེ། ཕྱོགས་བསྡུས་རྒྱུགས་འབྲས་ལ་གཞིགས་ནས་སྐར་མ་མཐོ་བ་ནས་དམའ་བའི་བར་རིམ་པ་བཞིན་ཁ་གསབ་བྱེད་དགོས། གཟུགས་པོར་བརྟག་དཔྱད་བྱེད་པའི་རིན་དངུལ་དེ་རྒྱུགས་སྤྲོད་མཁན་རང་ཉིད་ཀྱིས་སྟེར་དགོས།
༼ལྔ།༽སྤྱི་བསྒྲགས།
གཟུགས་པོར་བརྟག་དཔྱད་བྱས་པ་བརྒྱུད་བསྡུ་རུག་འོས་མིའི་མིང་ཐོ་ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་ཆ་འཕྲིན་བསྒྲགས་གནས་སུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན། སྤྱི་བསྒྲགས་བྱས་ཡུན་ཚང་རྗེས་བསམ་འཆར་མི་འདྲ་བ་མེད་ན་འབྲེལ་ཡོད་ལས་ཞུགས་འགྲིམ་དགོས། བསྡུ་རུག་གི་བརྡ་ཐོ་སྤེལ་རྗེས་དུས་ཐོག་ཏུ་ལས་གནས་ལ་ལས་ཀ་བྱེད་པར་ཡོང་མ་ཐུབ་ཚེ་བསྡུ་རུག་གི་་ཐོབ་ཐང་རང་འགུལ་ངང་དོར་བར་བརྩི་རྒྱུ་ཡིན།
༼དྲུག།༽བསྡུ་སྤྱོད་ཀྱི་ཐོབ་ཐང་དང་དགོས།
༡.བསྡུ་རུག་བྱས་པའི་གླ་ཕོགས་ཚད་གཞི་ནི། ཟླ་རེར་སྒོར་༣༠༠༠ཐམ་པ་ཡིན་པ་མ་ཟད། ལས་ཁང་གིས་སྤྲོད་དགོས་པའི་ཆ་ཤས་འགན་བཅོལ་གསུམ་༼རྒན་གསོའི་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་༽སྤྲོད་རྒྱུ་དང་། མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་ཚུད་མེད།
༢.གྲུབ་འབྲས་གླ་ཕོགས་ཀྱི་ཆ་ཤས་ནི། སྒྱུ་རྩལ་ཚོགས་པའི་གཉེར་སྐྱོང་ཕན་འབྲས་དང་མི་སྒེར་གྱི་ཕྱོགས་བསྡུས་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་རྒྱུ་ཡིན།
༣.ཚོད་ལྟའི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་ཚོད་ལྟའི་དུས་ཡུན་གྱི་གླ་ཕོགས་སྒོར་༢༥༠༠ཡིན། ཚོད་ལྟའི་དུས་བརྒལ་ཞིང་དཔྱད་ཞིབ་བྱས་ནས་ཚད་ལོན་རྗེས། དངོས་སུ་བསྡུ་རུག་དང་འབྲེལ་ངལ་རྩོལ་གན་རྒྱ་ཡང་འཇོག་རྒྱུ་ཡིན། ཚོད་ལྟའི་དུས་བརྒལ་ཡང་དཔྱད་ཞིབ་ཚད་མ་ལོན་ན་བསྡུ་རུག་བཀོལ་སྤྱོད་མི་བྱེད།
༤.ཐོག་མའི་བསྡུ་རུག་གི་དུས་ཡུན་ནི་ལོ་ལྔ་ཡིན། སྤྱི་གཉེར་ཁང་གིས་ལོ་མཇུག་གི་ཕྱོགས་བསྡུས་དཔྱད་ཞིབ་སྒྲིག་འཛུགས་བྱས་ཏེ། དཔྱད་ཞིབ་ཚད་ལོན་མཁན་མུ་མཐུད་དུ་བསྡུ་རུག་བཀོལ་སྤྱོད་བྱེད་རྒྱུ་དང་། དཔྱད་ཞིབ་ཚད་མ་ལོན་མཁན་བསྡུ་རུག་བཀོལ་སྤྱོད་མཚམས་འཇོག་རྒྱུ་ཡིན།
ཟུར་བཀོད། ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཚོགས་པའི་རེའུ་མིག།
ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་།
༢༠༢༤ལོའི་ཟླ་༣ཚེས་༡༢ཉིན།
审 核丨巴德扎西
编 辑丨尼玛旦周
服务应用
学習玉树
新时代文明实践
融媒体资讯
书记市长信箱
往期回顾